གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

བསམ་གྲུབ་ལྗོངས་ཁར་ ལའུ་རི་རྒེད་འོག་ མཚོ་ཐང་སྤྱི་འོག་ནང་ཚོགས་པ་མེདཔ་ཨིན།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༥

no tshogpa- tshothang chiwog.༉ རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༡་ལུ་ ས་གནས་གཞུང་གི་ བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ བསམ་གྲུབ་ལྗོངས་ཁར་རྫོང་ཁག་ ལའུ་རི་རྒེད་འོག་གི་ མཚོ་ཐང་སྤྱི་འོག་ནང་ལུ་ ཚོགས་པའི་དོན་ལུ་ མི་ངོམ་ཕུད་རྡོག་གཅིག་ཡང་ མ་ཐོན་པར་ལུས་ཡོདཔ་ཨིན།

འདི་འབདཝ་ལས་ མཚོ་ཐང་སྤྱི་འོག་འདི་ ད་ལྟོའི་བར་ན་ཡང་ ཚོོགས་པ་མེད་པར་ལུས་ཏེ་ཡོདཔ་ལས་ སྤྱི་འོག་འདི་ནང་གི་མི་སེར་ཚུ་ ལཱ་ཁག་བཏང་ཏེ་སྦེ་འདུག

མཚོ་ཐང་སྤྱི་འོག་ནང་ལུ་ གཡུས་ཚན་༣་དང་ མི་རློབས་ཡུདཔ་ཅིག་ ༥༠༠དེ་ཅིག་ཡོདཔ་ད་ མི་སེར་ཚུ་གིས་སླབ་མི་ནང་ སྤྱི་འོག་ནང་ལུ་ཚོོགས་པ་མེད་པའི་བསྒང་ལས་ གོང་འཕེལ་གྱི་ལས་སྣ་ཚུ་ལུ་ ཐོག་ཕོགཔ་མས་ཟེར་བཤད་ཅི།

སྟེ་ བསམ་གྲུབ་ལྗོངས་མཁར་གྱི་བཙག་འཐུའི་འགོ་དཔོན་ཚུ་གིས་སླབ་མི་ནང་ སྤྱི་འོག་འདི་གི་དོན་ལུ་ བྲིས་ལྷག་ཤེས་ཡོན་དང་རིག་རྩལ་གྱི་བརྟད་དཔྱད་ཆོས་རྒྱུགས་འགོ་འདྲེན་འཐབ་ནི་སྦེ་ ཚར་གཉིས་ར་དཔའ་བཅམ་རུང་ མི་སེར་ཕུད་རྡོག་གཅིག་ཡང་ སྤྲོ་བ་བསྐྱེད་མི་མ་ཐོན་ཟེར་ཨིན་མས།

ད་རུང་ སྤྱི་འོག་འདི་ནང་ལུ་ ཚོགས་པ་མེད་པའི་གནད་དོན་ཅིག་འདི་ མི་སེར་མང་ཤོས་ཅིག་རང་ ཆོས་སྡེ་ལྷན་ཚོགས་ནང་ལུ་ ཐོ་བཀོད་འབད་དེ་ཡོད་པའི་ཆོསཔ་ཚུ་འབདཝ་ལས་ བཙག་འཐུའི་བྱ་རིམ་ནང་ལུ་ གྲལ་གཏོགས་འབད་ཐག་མ་ཆོག་མི་ཚུ་ཨིན་མས་ཟེར་བཤད་ཅི།

སྟེ་ ཤུལ་མའི་ས་གནས་གཞུང་གི་བཙག་འཐུ་འདི་ སང་ཕད་འགོ་འདྲེན་འཐབ་ནི་སྦེ་ཡོདཔ་ལས་ དེ་བསྒང་ཡང་ མཚོ་ཐང་སྤྱི་འོག་འདི་ནང་ལུ་ ཚོགས་པའི་མི་ངོམ་འདི་ ག་དེ་སྦེ་ཐོན་འོང་ག་ སླབ་མི་ཤེས་ནི་ཨིན་མས།