གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཐོང་རོང་གཡུས་ཚན་ནང་ཚར་བཟོའི་ལཱ་འདི་ མར་ཉམས་འགྱོ་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༣༠ ༢༠༡༥

Keeping Tsazo alive༉ བཀྲིས་སྒང་རྫོང་ཁག་ ཕོང་མེད་རྒེད་འོག་གི་ མཐའ་ཟུར་གཡུས་ཚན་ཅིག་ཨིན་མི་ ཐོང་རོང་གཡུས་ཚན་འདི་ ཚར་བཟོ་གི་ནང་ལུ་ ཡོངས་གྲགས་ཅན་ཅིག་སྦེ་སྡོད་ཡོདཔ་དང་ གཡུས་ཚན་འདི་ནང་གི་ མི་སེར་མང་ཤོས་ཅིག་གི་ར་ ཚར་བཟོ་ལས་བརྟེན་ཏེ་ འཚོ་བ་སྐྱོང་སྟེ་སྡོད་ནུག

འདི་བསྒང་འབད་བ་ཅིན་ གཡུས་ཚན་འདི་ནང་གི་ ཕོ་རྒས་ག་ར་གིས་ ཚར་བཟོ་ལཱ་འདི་ འབད་སྲོལ་སྡོད་ནུག

ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མ་ལས་ སྦ་འདི་ཚུ་སྐམ་ནི་འགོ་བཙུགས་ཞིནམ་ལས་ མི་སེར་ཚུ་གིས་ འཚོ་བ་སྐྱོང་ནི་གི་དོན་ལས་ ཐབས་ལམ་གཞན་བལྟ་དགོཔ་ཐོན་ཡོདཔ་ཨིན།

ད་རེས་ནངས་པ་འབད་བའི་བསྒང་ལས་ གཡུས་ཚན་འདི་ནང་གི་ མི་དག་པ་ཅིག་རྐྱངམ་ཅིག་གིས་ ཚར་བཟོའི་ལཱ་འདི་འབད་དོ་ཡོདཔ་ཨིན་མས།

Get the Flash Player to see the wordTube Media Player.

ཚར་བཟོའི་ལཱ་འབད་མི་གཅིག་ ལེགས་སྐྱིད་དབང་ཕྱུག་ཨིནམ་དང་ ཁོ་གིས་ ལོ་༡༥སྦེ་སྡོད་པའི་བསྒང་ལས་ ཕ་བརྒྱུད་བུ་བརྒྱུད་ལས་འབད་དེ་ཡོད་པའི་ ཚར་བཟོའི་ལཱ་འདི་ འབད་ནི་འགོ་བཙུགས་ཏེ་ ད་རེས་ ལོ་༣༥ལངམ་ད་ལུ་ ཚར་བཟོའི་རྒྱུ་ཆ་ཚུ་ དེ་ཅིག་ར་མ་ཐོབ་ཏེ་ར་འབད་རུང་ ཁོ་གིས་ ལཱ་འདི་ འཕྲོ་མཐུད་དེ་ར་འབད་དོ་ཡོདཔ་ཨིན།

ལེགས་སྐྱིད་དང་བཟའ་ཚང་གི་དོན་ལས་ ཧེ་མ་འབད་བ་ཅིན་ ཚར་བཟོ་འདི་ འཚོ་བ་གཙོ་བོ་ཅིག་སྦེ་སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ཁོ་གིས་ ཚར་བཟོའི་ལཱ་འདི་ འཕྲལ་འཕྲལ་སྐབས་རྐྱངམ་ཅིག་འབད་དོ་ཡོདཔ་ཨིན།

ད་རེས་ནངས་པར་ ཚར་བཟོའི་ལཱ་འབད་མི་ གནམ་མེད་ས་མེད་ཅིག་མེད་མི་འདི་ སྦ་འདི་ཚུ་སྐམ་དོ་ཡོད་མི་དང་ གཞན་ བཟོ་བསྐྲུན་གྱི་ལཱ་ཚུ་འབད་དེ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་མི་ལས་བརྟེན་ཏེ་ ཚར་བཟོ་ལུ་ སྤྲོ་བ་སྐྱེད་མི་ གནམ་མེད་ས་མེད་ཅིག་ མེདཔ་ཨིན་མས།

ཨིན་རུང་ ད་རེས་ནངས་པར་ རི་ཁར་ལུ་ སྦ་འདི་ཚུ་ ལོག་སྟེ་ར་སྐྱེས་དོ་ཡོདཔ་ལས་ ལེགས་སྐྱིད་བཟུམ་འབད་ ཚར་བཟོའི་ལཱ་འབད་མི་ཚུ་གིས་ ཁོང་གི་ལཱ་འདི་ ཉམས་སྲུང་འབད་ཚུགས་པའི་ རེ་བ་སྐྱེད་དོ་ཡོདཔ་ཨིན་མས།

ཚར་བཟོའི་ལཱ་འདི་ མར་ཉམས་འགྱོ་ནི་གི་ ཉེན་ཁ་སྦོམ་སྦེ་ར་ཡོད་དེ་འབད་རུང་ ལེགས་སྐྱིད་དབང་ཕྱུག་གིས་སླབ་མི་ནང་ རྒྱུ་ཆ་ཐོབ་ཚུན་ཚོད་འདི་ ཁོ་གིས་ ཚར་བཟོའི་ལཱ་འདི་ འཕྲོ་མཐུད་དེ་ར་འབད་ནི་ཟེར་ཨིན་མས།

ཨིན་རུང་ ད་རེས་ནངས་པའི་བུ་ཚུ་ ཚུ་ མང་ཤོས་ཅིག་ སློབ་གྲྭ་ནང་འགྱོཝ་ལས་ མ་འོངས་པའི་ནང་ ལམ་སྲོལ་འདི་ ག་དེ་སྦེ་ ཉམས་སྲུང་འབད་ཚུགས་ག་ ཚ་འགྱང་ཡོད་ཟེར་ཨིན་མས།