གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

སྨྱོ་རྫས་ལོག་སྤྱོད་དང་མི་སྡེ་དང་འབྲེལ་བའི་དཀའ་ངལ་སྐོར་གོ་བརྡའི་ལས་རིམ་འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥

DrugAwareness-ArmyFamily༉ སྤ་རོ་ལུ་ འདས་པའི་བདུན་ཕྲག་ནང་ བསྟན་སྲུང་དམག་མི་གི་ ཨམ་སྲུ་ཚུ་གི་དོན་ལས་ སྨྱོ་རྫས་དང་ གཞན་མི་སྡེ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་འགོ་འདྲེན་འཐབ་ནུག

ཉིན་གྲངས་གཉིས་ཀྱི་ལས་རིམ་འདི་ སྤ་རོ་ལུ་ཡོད་པའི་ སྤྱི་མཐུན་ཕན་བདེ་ཚོགས་པ་དང་ བདེ་སྲུངཔ་སྡེ་ཚན་གཅིག་གིས་ འགོ་འདྲེན་འཐབ་ཡོདཔ་དང་ འདི་ནང་ལུ་ བསྟན་སྲུང་དམག་མི་ཚུ་གི་ཨམ་སྲུ་ ༥༠དེ་ཅིག་གིས་ བཅའ་མར་གཏོགས་ནུག

ལས་རིམ་འདི་ འགོ་དང་པ་ར་ ཁོང་བཅའ་མར་གཏོགས་མི་ཚུ་ལུ་ སྨྱོ་རྫས་ལུ་ ལང་ཤོར་ཐལ་མི་གི་གནོད་པ་དང་ འདི་གིས་ བཟའ་ཚང་དང་མི་སྡེ་ནང་ལུ་ དཀའ་ངལ་འདི་ཚུ་ ག་དེ་སྦེ་ར་ བྱུང་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གོ་བ་བཤད་དེ་སྦེ་ འགོ་བཙུགས་ནུག

ལས་རིམ་འགོ་འདྲེན་པ་ དབང་ཕྱུག་གིས་སླབ་མི་ནང་ སྨྱོ་རྫས་ལས་བརྟེན་པའི་ སྟབས་མ་བདེཝ་འདི་ མི་སྡེ་ག་རའི་ནང་ལུ་ བྱུང་དོ་ཡོདཔ་ལས་ ག་ར་ལུ་ འདི་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

ལས་རིམ་ནང་བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ འདི་བཟུམ་གྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་འདི་ ག་ནི་བ་ཁག་ཆེ་བས་ཟེར་ཨིན་མས།

ལས་རིམ་གྱི་སྐབས་ལུ་ སྨྱོ་རྫས་ཀྱི་སྐོར་ལས་རྐྱངམ་ཅིག་མེན་པར་ སྨྱོ་ཆང་དང་ རང་སྲོག་བཅད་མི་ དེ་ལས་ ནང་འཁོད་སྡུག་རྩུབ་དང་ ཨེཆ་ཨའི་ཝི་ཨེདྲསི་ལ་སོགས་པའི་ མི་སྡེའི་དཀའ་ངལ་གཞན་ཚུ་གི་སྐོར་ལས་ཡང་ གོ་བ་བཤད་དེ་བྱིན་ནུག

ལས་རིམ་འགོ་འདྲེན་པ་གིས་སླབ་མི་ནང་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་འདི་རྐྱངམ་ཅིག་ འགོ་འདྲེན་འཐབ་ནི་མེན་པར་ རང་སོའི་མི་སྡེ་ནང་གི་ མི་སེར་ཚུ་ལུ་ བསླབ་སྟོན་འབད་ནི་གི་དོན་ལས་ དམག་མི་གི་ཨམ་སྲུ་དག་པ་ཅིག་ལུ་ སྦྱོང་བརྡར་ཡང་བྱིན་ནི་གི་ འཆར་གཞི་ཡོད་ཟེར་ཨིན་མས།