གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

གློག་མེ་སྤྱོད་ཁྲལ་ཡར་སེང་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥

PowerTarifftoIncrease- ༉ དུས་ཅི་ སྤྱི་ཟླ་༧པ་ལས་འགོ་བཙུགས་ རྒྱལ་ཁབ་ནང་ལུ་ གློག་མེ་སྤྱོད་ཁྲལ་འདི་ ཡར་སེང་འབད་ནི་ཨིནམ་ལས་ ད་ལས་ཕར་ ཟླ་རིམ་བཞིན་དུ་ སྤྱོད་ཁྲལ་འདི་ དངུལ་ཀྲམ་བརྒྱ་གཅིག་ལས་ ༤༠༠གི་བར་ན་ལུ་ ཡར་སེང་འགྱོ་ནི་ཨིན་མས།

ད་ལྟོ་བཟུམ་གྱི་ གནས་སྟངས་ལུ་འབད་བ་ཅིན་ གློག་མེ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༡དང་ ཕྱེད་ཀྲམ་༡༢རེ་ ལེན་དོ་ཡོདཔ་ཨིན་རུང་ ཤུལ་ལམ་གྱི་ཟླཝ་ནང་ལས་ སྤྱོད་ཁྲལ་འདི་ ཡུ་ནིཊ་རེ་ལུ་ ཕྱེད་ཀྲམ་༡༦དེ་ཅིག་གི་ ཡར་སེང་འགྱོ་ནི་ཨིན་མས།

གློག་ཤུགས་ཚད་ཉུང་སུ་ ལག་ལེན་འཐབ་མི་ཚུ་ལུ་འབད་བ་ཅིན་ ཁྱིམ་ནང་ལུ་ གློག་ཆས་ཀྱི་རིགས་ཚུ་ ལག་ལེན་འཐབ་མི་དང་འཁྲིལ་ ཡར་སེང་འབད་ནུག

འདི་ཡང་ ཁྲོམ་ཚུ་ནང་སྡོད་མི་ཚུ་གིས་ གློག་ཆས་ མེ་དྲོད་དང་ ཆུ་ཚན་དྲོད་བཏག་ནི་ དེ་ལས་ བཞེས་སྒོ་འབད་ནི་གི་ གློག་ཆས་རིགས་དང་ ཁྱེགས་སྒྲོམ་ལ་སོགས་པ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན།

འདི་ཚུ་ལས་བརྟེན་ གནམ་དགུན་ལུ་ གློག་མེ་ ཡུ་ནིཊ་ སྟོང་ཕྲག་༡དང་༢༣་ ལག་ལེན་འཐབ་དོ་ཡོདཔ་ད་ གནམ་བྱཱར་ལུ་འབད་བ་ཅིན་ གློག་མེ་ ཡུ་ནིཊ་༥༤༣ལས་བརྒལ་ ལག་ལེན་འཐབ་ནི་མེདཔ་ཨིན་མས།

སྟེ་ ད་ལྟོང་གི་ནང་འཁོད་ གློག་མེ་ ཡུ་ནིཊ་ སྟོང་ཕྲག་༡དང་༢༣་ ལག་ལེན་འཐབ་མི་ཚུ་གིས་ ཟླ་རིམ་བཞིན་དུ་ སྤྱོད་ཁྲལ་ དངུལ་ཀྲམ་སྟོང་ཕྲག་༢དང་༥༧༦བཏབ་དོ་ཡོདཔ་ད་ ད་ལས་ཕར་ གློག་ཤུགས་ཚད་དེ་ ལྕོག་ཐདཔ་སྦེ་ར་ ལག་ལེན་འཐབ་པ་ཅིན་ དངུལ་ཀྲམ་སྟོང་ཕྲག་༢དང་ ༩༥༣དེ་ཅིག་ བཏབ་དགོཔ་ཐོན་ནི་ཨིན་མས།

རྒྱལ་ཁབ་ཀྱི་ཁྲོམ་ཚོགས་ཚུ་ནང་ གློག་མེ་སྤྱོད་མི་འབུམ་གཅིག་དང་ སྟོང་ཕྲག་༦༣ལྷགཔ་ཅིག་ཡོད་མི་གྲལ་ལས་ གློག་ཤུགས་ མེ་ག་ཝཊ་༤༥དེ་ཅིག་འདི་ ཐིམ་ཕུག་གི་མི་ཚུ་གིས་ སྤྱོད་དོ་ཡོདཔ་སྦེ་ཨིན་མས།