གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༡

ཐིམ་ཕུག་ཁྲོམ་སྡེ་གི་ལས་འབྱེདཔ་ཤི་མི་འདི་གི་རྒུད་འཐུས་སྤྲོད་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥

Deceased’s family compensated༉ ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་ལཱ་འབད་མི་གཅིག་ལུ་ ཤི་རྐྱེན་བྱུང་སྟེ་སྦེ་ ཟླཝ་གཉིས་ལྷགཔ་ཅིག་འགྱོཝ་ད་ ད་རེས་མཐའན་མཇུག་ཁར་ ཚེ་འདས་འདི་གི་ བཟའ་ཚང་ལུ་ རྒུད་འཐུས་ཐོབ་ཡོདཔ་ཨིན།

ཚེ་འདས་འདི་ སྤྱི་ཟླ་༤པའི་སྤྱི་ཚེས་༡ལུ་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ བྱང་ཧྲམ་འོང་པའི་སྐབས་ འོག་ལུ་ཚུད་དེ་ ཤི་རྐྱེན་བྱུང་ནུག

ཚེ་འདས་འདི་གི་ བཟའ་ཚང་འདི་ལུ་ ཐིམ་ཕུག་ཁྲོམ་སྡེ་གིས་ དངུལ་ཀྲམ་འབུམ་གཅིག་དང་ སྟོང་ཕྲག་༩༡ དེ་ལས་ ༢༡༠འབད་མི་རྒུད་འཐུས་འདི་ འདས་པའི་བདུན་ཕྲག་ནང་སྤྲོད་ནུག

ལཱ་གཡོག་ལྷན་ཁག་གིས་ ཁྲོམ་སྡེ་ལུ་ ཚེ་འདས་འདི་གི་བཟའ་ཚང་ལུ་ རྒུད་འཐུས་སྤྲོད་དགོཔ་སྦེ་སླབ་ཡོདཔ་ཨིན་རུང་ ཐིམ་ཕུག་ཁྲོམ་སྡེ་གིས་ དེ་སྦེ་ ཤི་རྐྱེན་བྱུང་མི་འདི་ སྒྲིང་ཁྱིམ་གྱི་ཇོ་བདག་འདི་ལས་བརྟེན་ཏེ་ཨིན་པའི་ ཉེས་འཛུགས་སྐྱེལ་མི་ལས་བརྟེན་ཏེ་ རྒུད་འཐུས་སྤྲོད་ནི་འདི་ ཡུན་གྱངས་སྦེ་ ལུས་ཡོདཔ་ཨིན།

ལཱ་གཡོག་དང་ལས་མི་བཅའ་ཁྲིམས་༢༠༠༧ཅན་མ་དང་འཁྲིལཔ་ད་ ལས་སྡེ་ཚུ་གིས་ རང་གི་ལས་འབྱེདཔ་ཚུ་ ལཱ་འབད་བའི་དུས་ཚོད་ཁར་ ཤི་རྐྱེན་བྱུང་སྟེ་འབད་བ་ཅིན་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཡོདཔ་ཨིན་མས།