གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

མོ་ཆུ་ནང་ཆུ་རུད་ཀྱི་ཉེན་བརྡ་ལས་བརྟེན་མི་ཚུ་རྣམ་ཏོག་ལང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༥

Early warning system helped timely evacuation- DDM༉ ཁ་ཙ་ སྤུ་ན་ཁ་ ཆུ་རུད་ཐོན་ཡོད་པའི་ ཉེན་བརྡ་གི་བརྡ་སྐད་འདི་ བཏང་པའི་ཤུལ་ལས་ མོ་ཆུ་མཐའམ་བདའ་ གཞི་ཆག་སྡོད་མི་ཚུ་ རྣམ་རྟོག་ལངས་ཏེ་སྦེ་ ཉེན་སྲུང་ལྡན་པའི་ ས་གནས་ཚུ་ནང་ལུ་ འགྱོ་དགོཔ་ཐོན་ནུག

ཉེན་བརྡ་གི་བརྡ་སྐད་འདི་ཡང་ ལ་ཡ་ལུ་ཡོད་པའི་ ལེམ་ཐང་མཚོ་འདི་ འབེག་འོང་མི་ལས་བརྟེན་ ཆུ་རུད་ཀྱི་གནོད་ཉེན་ཡོད་པའི་ ཉེན་བརྡ་ལུ་བཏང་ཡོདཔ་ཨིན།

ཕྱི་རུ་ ཆུ་ཚོད་ཕྱེད་དང་༩་དེ་ཅིག་ལས་ར་ མི་ལེ་ཤཱ་སྦེ་ ཉེན་སྲུང་ལྡན་པའི་ ས་ཁོངས་ཚུ་ནང་ལུ་ བཏོན་དགོཔ་ཐོན་ཡོདཔ་ད་ སྤུ་ན་ཁ་གི་ མི་མང་ཤོས་ཅིག་གི་ར་ ཁུ་རུ་ཐང་ལས་ ལྟ་ལོག་ཁ་ཐུག་ ཀི་ལོ་མི་ཀྲར་གསུམ་དེ་ཅིག་གི་ས་གནས་ འོ་ལ་ཁ་ལུ་སོང་ནུག

ཁོང་ཆ་ཁྱབ་ གནས་སྟངས་འདི་ ལེགས་ཤོམ་མ་འགྱོ་ཚུན་གྱི་རིང་ ས་གནས་འདི་ཁར་ལུ་ སྡོད་ཡོདཔ་ཨིན་མས།

རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱི་མདོ་ཆེན་ ཕྱག་རྡོར་དབང་འདུས་ཀྱིས་སླབ་མི་ནང་ ཆུ་གི་མཐའམ་བདའ་སྟེ་ ཉེན་བརྡ་གི་ བརྡ་སྐད་འཕྲུལ་ཆས་གསུམ་ བཙུགས་ཏེ་ཡོད་མི་འདི་གི་ ཉེན་ཁ་ཡོད་མི་ཚུ་ དུས་ཚོད་ཁར་ཕྱིར་བཏོན་འབད་ནི་ལུ་ ཕན་ཐོག་འབྱུང་ཡི་ཟེར་བཤད་ཅི།

ད་རུང་ མདོ་ཆེན་གྱིས་སླབ་མི་ནང་ གནམ་བྱཱར་ ཆར་ཆུ་འབལ་བའི་དུས་ཚོད་འདི་ འགོ་བཙུགས་མི་དང་འབྲེལ་ ལས་ཁུངས་ཀྱིས་ ཆུ་དང་གནམ་གཤིས་ཞབས་ཏོག་ལས་ཁུངས་དང་གཅིག་ཁར་ མཉམ་འབྲེལ་གྱི་ཐོག་ལུ་ ལཱ་འབད་ནི་ཟེར་ཨིན་མས།

ནང་སྲིད་དང་སྲོལ་འཛིན་བློན་པོ་ དམ་ཆོས་རྡོ་རྗེ་དང་འཁྲིལཔ་ད་ ཆུ་རུད་ལས་བརྟེན་ ལ་ཡ་དང་མགར་ས་གི་བར་ན་ ས་གནས་སྟོང་ཤོག་ལུ་ རག་རོག་འདི་ཚུ་གི་བཀང་སྟེ་ ལམ་འདི་བསུབ་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཆུ་རུད་འདི་གི་ ཟམ་དག་པ་ཅིག་ཡང་ ཕྱག་འབག་ཡོདཔ་ལས་ དབྱྭར་རྩ་དགུན་འབུབ་འཐུ་བར་འགྱོ་མི་ཚུ་ ལ་ཡ་དང་གླིང་གཞི་བར་ན་གི་ མོ་ཆུ་ས་ཁོངས་ཚུ་ནང་ལུ་ ཐོག་སྟེ་ལུས་ཡོདཔ་སྦེ་ཨིན་མས།