གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གདུང་བསམ་གྱིབ་ཆེས་ཚད་འཛིན་གྱི་ ཁེ་ས་བཟོ་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༥

Dungsam Polymers makes its first profit༉ ན་ཧིང་ དངུལ་ཀྲམ་སཡ་༢༨་ གྱོང་རྒུད་ཕོགས་པའི་ཤུལ་ལུ་ གདུང་བསམ་གྱིབ་ཆེས་ཚད་འཛིན་གྱི་ དུས་ཅི་ལོ་གི་ ཟླ་ངོ་དང་པ་༣་གི་ནང་ལུ་ ཁེ་ས་དངུལ་ཀྲམ་ས་ཡ་༣་དང་ འབུམ་༨་བཟོ་ཚུགས་ཏེ་ཡོདཔ་ཨིན་མས།

ཁེ་ས་འདི་ཚུ་ཡང་ ཟད་འགྲོ་ཁག་ལེ་ཤཱ་ཅིག་ མར་ཕབ་འབད་མི་དང་ གདུང་བསམ་རྩིས་ས་ལུ་ རྩིས་ས་གི་ཕད་རྩེ་ བཙོང་ནི་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ཨིནམ་སྦེ་བཀོད་ནུག

ན་ཧིང་ལོ་གི་ ཟླ་ངོ་དང་པ་༣་ནང་ལུ་ གདུང་བསམ་པོ་ལུ་མརསི་གིས་ རྩིས་ས་གི་ཕད་རྩེ་ ས་ཡ་༡་དང་ འབུམ་༤་ལྷགཔ་ཅིག་ བཟོ་ཡོད་མི་ལས་ ཕད་རྩེ་འབུམ་༣་འདི་ གདུང་བསམ་རྩིས་ས་གི་ལེན་ནུག

དུས་ཅི་འབད་བ་ཅིན་ དུས་ཚོད་ ཟླ་ངོ་༣་གི་ནང་ལུ་ རྩིས་ས་གི་ཕད་རྩེ་ ས་ཡ་༧་དང་འབུམ་༨་བཟོ་ས་ལས་ གདུང་བསམ་རྩིས་ས་གིས་ ཕད་རྩེ་ས་ཡ་༢་དང་འབུམ་༢་ལྷགཔ་ཅིག་ལེན་ནུག

གདུང་བསམ་གྱིབ་ཆེས་ཚད་འཛིན་གྱི་ བཀོད་ཁྱབ་འགོ་དཔོན་ ནོར་བུ་ཚེ་རིང་གིས་སླབ་མི་ནང་ ན་ཧིང་ ལས་སྡེ་འདི་ལུ་ གྱོང་རྒུད་ཕོགས་པའི་ཤུལ་ལུ་ ཟད་འགྲོ་མར་ཕབ་ཁག་ལེ་ཤཱ་ཅིག་ར་ འབད་ཡི་ཟེར་ཨིན་མས།

ལས་སྡེ་འདི་གིས་ བཀོད་ཚོགས་ཀྱི་ འཐུས་དང་ དུས་ཚོད་ཐེབས་ལཱ་འབད་མི་གི་འཐུས་ དེ་ལས་ གོ་གནས་ལུ་བརྟེན་པའི་ འཐུས་ཚུ་སྤྲོད་ནི་འདི་ བཀག་ཆ་འབད་ཡོདཔ་ཨིན་མས།

དེ་ཚུ་ག་ར་ ལས་སྡེ་གི་ དངུལ་འབྲེལ་གནས་སྟངས་ ཡར་དྲག་བཏང་ནི་གི་དོན་ལུ་ འབད་ཡོདཔ་ཨིན་མས།

བཀོད་ཁྱབ་འགོ་དཔོན་གྱིས་སླབ་མི་ནང་ ལཱ་ཚུ་ད་རེས་བཟུམ་སྦེ་ར་འགྱོ་བ་ཅིན་ ལས་སྡེ་འདི་གིས་ དུས་ཅི་ ཁེབ་ས་བཟོ་ཚུགས་ནི་ཨིནམ་མ་ཚད་ གཞུང་ལུ་ཡང་ ཁྲལ་ཕུལ་ཚུགས་ནི་མས་ཟེར་བཤད་ཅི།

ཨིན་རུང་ བགོ་བཤའ་འཆང་མི་ཚུ་ལུ་ བགོ་བཤའི་ཁེ་ས་ བཏོན་ནི་འདི་ ལས་སྡེ་འདི་གི་ ཡོངས་ཁྱབ་ཞལ་འཛོམས་ཀྱི་སྐབས་ལུ་ གྲོས་ཐག་བཅད་འོང་ཟེར་ཨིན་མས།

ལས་སྡེ་འདི་ བརྒྱ་ཆ་༥༡་གཞུང་གིས་ དབང་ཡོདཔ་ད་ བརྒྱ་ཆ་༤༩་འདི་ མི་དམངས་ཀྱི་དབང་དོ་ཡོདཔ་ཨིན།

ན་ཧིང་ ལས་སྡེ་འདི་གིས་ བགོ་བཤའི་ཁེབ་ས་ གསལ་བསྒྲགས་འབད་མ་ཚུགསཔ་ཨིན།

གདུང་བསམ་གྱིབ་ཆེས་ཚད་འཛིན་གྱི་ཐོན་སྐྱེད་ རྩིས་ས་གི་ཕད་རྩེ་འདི་ཚུ་ ཚོང་འབྲེལ་འཐབ་ས་ གཙོ་བོ་ར་ གདུང་བསམ་རྩིས་ས་ལས་འཛིན་ལུ་ཨིན་མས།