གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སག་སྟེང་རྒེད་འོག་ནང་ གཟིགས་སྐོར་གནང་པའི་བསྒང་ར་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༥

His Majesty with the students of Sakteng Lower Secondary School༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མེ་རག་རྒེད་འོག་ནང་ གཟིགས་སྐོར་གནང་ཚར་ཏེ་སྦེ་ སག་སྟེང་རྒེད་འོག་ནང་ གཟིགས་སྐོར་གནང་པའི་བསྒང་ར་ཡོདཔ་ཨིན།

མི་དབང་མཆོག་གིས་ སག་སྟེང་གི་མི་སེར་ཚུ་དང་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ཚུ་ལུ་ མཇལ་འཕྲད་གནང་སྟེ་སྦེ་ ལྟོ་ཁ་ཅིག་ཡང་གནང་ནུག

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མེ་རག་ལས་ ཞབས་སྟོང་སྦེ་བྱོན་ཏེ་ གཟའ་ཕུརཔ་གི་ཚེས་ སག་སྟེང་ལུ་འཕེབས་གནང་ཡི།

མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མེ་རག་རྒེད་འོག་ནང་ལུ་ གཟིགས་སྐོར་གནང་ཚར་ཏེ་སྦེ་ མེ་རག་ལས་ ཞབས་སྟོང་སྦེ་བྱོན་ཏེ་ སག་སྟེང་ལུ་འཕེབས་གནང་ཡི།His Majesty in Sakteng

མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མེ་རག་ལས་ དང་ཕུགས་ཀྱི་ལམ་བདའ་ ཞབས་སྟོང་སྦེ་ རྒྱ་མཚོ་མཐའ་མ་ལས་ མི་ཀྲར་སྟོང་ཕྲག་༤༠༠ལྷགཔ་ཅིག་གི་ ནག་ཅུང་ལ་གི་བརྒལ་ཏེ་ སག་སྟེང་ལུ་བྱོན་གནང་ཡི།

མི་དབང་མངའ་ཞབས་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ སག་སྟེང་ལུ་འཕེབས་ད་ དྲུང་ཁག་བདག་སྐྱོང་གི་འགོ་དཔོན་དང་ སློབ་དཔོན་དང་སློབ་ཕྲུག་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ བསུ་བ་ཕུལ་ཡི།

ཁ་ཉིམ༌ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ རང་ལུགས་རྟེན་འབྲེལ་ ཕུན་སུམ་ཚོགས་པའི་སྒོ་ལས་ བདེན་འདྲེན་ཞུ་སྟེ་སྦེ་ དགའ་སྟོན་ཐང་ནང་ལུ་འཕེབས་ད་ སག་སྟེང་གི་མི་སེར་ཚུ་གིས་ ཚོགས་ཆང་ཕུལ་ཐོག་ལས་སྦེ་ འཕེབས་བསུ་ཞུ་ཡི།

འདི་གི་ཤུལ་ལས་ མི་དབང་མངའ་ཞབས་མཆོག་གིས་ སག་སྟེང་གི་མི་སེར་ཚུ་ལུ་ ཉི་མ་གི་ལྟོ་ཁ་ཅིག་གནང་སྟེ་སྦེ་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་མཐུན་མཛད་གནང་ཡི།

མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ ཕྱག་ཞུ་སྟེ་སྦེ་ མི་དབང་རྒྱལ་པོའི་སྲས་ རྒྱལ་ཚབ་འཇིགས་མེད་རྡོ་རྗེ་དབང་ཕྱུག་དང་ ཨ་ཞེ་ཡིད་འཚོ་ལྷ་མོ་གཉིས་ཡང་ཡོདཔ་ཨིན།

འདི་ཁར་འཛོམས་མི་ཚུ་ལུ་ མི་དབང་མཆོག་གིས་ རྒྱན་ཐོག་གི་ཐོག་ལས་ ས་གནས་ནང་དགོས་མཁོ་ཡོད་པའི་ གསོལ་རས་ཚུ་གནང་ཡོདཔ་ད་ འདི་ཚུ་ཡང་ རྒྱང་མཐོང་ཀྲི་བཱི་དང་ རྒྱང་བསྒྲགས་རེ་ཌིའོ་ དེ་ལས་ ཨོམ་དཀྲོགས་ནི་དང་ ཤིང་བཏོག་ནི་གི་འཕྲུལ་ཆས་ ལ་སོགས་པ་ཚུ་ཨིན་མས།

མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སྐུ་འདུན་ལུ་ སག་སྟེང་གི་མི་སེར་ཚུ་གིས་ གཡག་འཆམ་རྩིས་ཏེ་ རང་ལུགས་ཀྱི་ ལས་རིམ་སྣ་ཚོགས་ཚུ་ སྤྱན་འབུལ་ཕུལ་ཡོདཔ་ཨིན།

དེ་ལས་ ཕྱི་རུ་ཁམས་ཅིག་ཁར་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ གཡུལ་མཇུག་ལྷ་ཁང་ནང་ལུ་ བྱོན་གནང་སྟེ་སྦེ་ ཐུགས་སྨོན་ཚུ་གནང་པའི་ཁར་ འདི་ཁར་ སག་སྟེང་སྤྲུལ་སྐུ་གི་འགོ་འཁྲིད་འབད་དེ་ དྲུང་ཁག་བདག་སྐྱོང་གི་འགོ་དཔོན་དང་ སག་སྟེང་གི་མི་སེར་ཚུ་གིས་ མི་དབང་མཆོག་ལུ་ སྐུ་གསུང་ཐུགས་ཀྱི་མཎ་དྲལ་ཕུལ་ཡི།

འདི་གི་ཤུལ་ལས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སག་སྟེང་ལས་ དུས་ཡུན་སྐར་མ་༣༠དེ་ཅིག་ རྐང་སྟོང་སྦེ་འགྱོ་དགོ་པའི་ས་གནས་ བོ་རང་མ་གཡུས་ཚན་ནང་ལུ་ བྱོན་གནང་སྟེ་སྦེ ཁྱིམ་གུང་རེ་རེ་ནང་ གཟིགས་ཞིབ་གནང་སྟེ་ མི་སེར་ཚུ་དང་གཅིག་ཁར་ འབྲེལ་མཐུན་མཛད་གནང་ཡི།Their Majesties with the students of Sakteng Lower Secondary School

ཁ༌ཙ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སག་སྟེང་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་དཔོན་དང་སློབ་དཔོན་ཚུ་ལུ་ མཇལ་འཕྲད་གནང་སྟེ་སྦེ་ ཤེས་ཡོན་ཚུ་ བརྩོན་ཤུགས་སྐྱེད་དེ་སྦྱང་དགོ་པའི་ བཀའ་སློབ་གསུང་གནང་ཡི།

མཇལ་འཕྲད་དང་འབྲེལ་ མི་དབང་མཆོག་གིས་ སློབ་གྲྭ་ནང་དགོས་མཁོ་ཡོད་པའི་ ཅ་ཆས་ཀྱི་རིགས་ཚུ་ གསོལ་རས་སྦེ་གནང་ཡི།

སག་སྟེང་གི་མི་སེར་ཚུ་གིས་ མི་དབང་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ ཁོང་གིས་གཡུས་ལུ་ ཞབས་ཀྱི་བཅག་གནང་པའི་དགའ་འཚོར་ལུ་ གཡག་དང་ལུག་ རྟ་དང་རོ་ཁྱི་ཚུ་ འབུལ་བ་སྦེ་ཕུལ་མི་འདི་ལུ་ མི་དབང་མཆོག་གིས་ བཀྲིན་དགའ་འཚོར་གསུང་གནང་སྟེ་སྦེ་ འབུལ་བ་ཚུ་ ལོག་སྟེ་མི་སྡེ་ལུ་གནང་ཡི།

འདི་ཁར་ གཞན་དང་མ་འདྲ་བའི་འཆམ་ ཨ་གཅེས་ལྷ་མོའི་འཆམ་ཚུ་རྩིས་ཏེ་ རང་ལུགས་ཀྱི་ལས་རིམ་ཚུ་ སྤྱན་འབུལ་ཕུལ་ཡི།

དེ་ལས་ ཕྱི་རུ་ཁམས་ཅིག་ཁར་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ སག་སྟེང་ལུ་ཡོད་པའི་ ལྷ་ཁང་དང་ཁྱིམ་ཚུ་ནང་ལུ་ གཟིགས་ཞིབ་གནང་སྟེ་ མི་ཚུ་དང་གཅིག་ཁར་ འབྲེལ་མཐུན་མཛད་གནང་ཡོདཔ་ཨིན།