གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ལྡོགས་ཕྱོགས་ཚོགས་པ་གིས་ རྫོང་ཁག་ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་གཞི་བཙུགས་ཀྱི་སྐོར་ལས་དྲི་བ་ཞུ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༩ ༢༠༡༥

Establishing new thromdes too costly༉ རྒྱལ་ཡོངས་ཚོགས་འདུ་ནང་ལུ་ ལྷོ་ཐིམ་ཕུག་གི་འཐུས་མི་ ཡེ་ཤེས་སྦྱིན་པ་གིས་ ཞབས་ཏོག་བློན་པོ་ལུ་ཞུ་མི་ནང་ ཁྲོམ་སྡེ་༡༦་དང་ ཡན་ལག་ཁྲོམ་༢༠་གཞི་བཙུགས་ཀྱི་དོན་ལུ་ མ་རྩ་དང་འཆར་དངུལ་གྱི་ཐོན་སྐྱེད་ འཕྲུལ་རིག་དང་མི་སྟོབས་བདག་སྐྱོང་ དེ་ལས་ ཁྲོམ་ཚུ་གཞི་བཙུགས་འབད་ནི་དོན་ལུ་ དུས་ཚོད་ཀྱི་འཆར་བཀོད་ཚུ་ ག་དེ་སྦེ་ར་ཡོད་ག་གི་སྐོར་ གསལ་ཞུ་གནང་དགོཔ་སྦེ་ཞུ་ཡི།

འདི་ལུ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གིས་ཞུ་མི་ནང་ གསར་སྒྲུབ་ཀྱི་མ་དངུལ་ ག་དེ་ཅི་གནས་འོང་ག་འདི་ ཁྲོམ་སྡེ་ཚུ་ གཞི་བཙུགས་འབད་ཚར་བའི་ཤུལ་ལས་རྐྱངམ་ཅིག་ ཤེས་ཚུགས་ནི་མས་ཟེར་ཨིན་རུང་ རྒྱུན་སྐྱོང་གི་དོན་ལུ་འབད་བ་ཅིན་ ལོ་རེ་ནང་ དངུལ་ཀྲམ་ས་ཡ་༥༠དེ་ཅིག་ གནས་ནི་ཨིན་པའི་ ཚད་རྩིས་བཏོན་ཡོདཔ་སྦེ་ཞུ་ཡི།

ད་རུང་ བློན་པོ་གིས་ཞུ་མི་ནང་ ཁྲོམ་སྡེ་ཚུ་གཞི་བཙུགས་འབད་ནི་གི་དོན་ལས་ མ་དངུལ་ཡང་ འབོར་ཆེ་ཏོག་ཏོ་སྦེ་དགོཔ་ཡོདཔ་ལས་ གཞུང་ལུ་ཡང་ ཚ་གྱང་ཡོད་ཟེར་ཨིན་རུང་ ལས་འགུལ་འདི་ ཁག་ཆེ་ཤོས་ཅིག་འབདཝ་ལས་ བཤོལ་བཞག་ཐབས་མེད་ཟེར་ཞུ་ཡི།