གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

འགྲོ་བ་མིའི་དབང་ཆའི་གནད་དོན་དང་འབྲེལ་བའི་ དང་ལེན་སྙན་ཞུ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༥

NA discusses human rights༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ འགྲོ་བ་མིའི་དབང་ཆའི་ཚོགས་ཆུང་གིས་ ཚོགས་ཐེངས་བཞི་པའི་གྲོས་ཆོད་ ལག་ལེན་བསྟར་སྤྱོད་གནས་སྟངས་ སྙན་ཞུ་འདི་ཕུལ་ཡི།

སྙན་ཞུ་འདི་ནང་ བུ་ལོན་ཕྱིར་བཤོལཔ་ཚུ་ རྒྱང་བསྒྲགས་ནང་ ཁྱབ་བསྒྲགས་འབད་ནི་འདི་བཀག་ཆ་འབད་ནི་དང་ ན་གཞོན་ཚུ་ ལྟེ་བ་ནང་ལས་ ལོག་བཏང་པའི་ཤུལ་ལས་ ཁོང་ཚུ་ལུ་ བདག་འཛིན་འབད་ནི་དང་ རྒྱབ་སྐྱོར་བྱིན་ནི་གི་ཐབས་ལམ་ དེ་ལས་ ཟླ་བ་ཁ་ལུ་ཡོད་པའི་ ཡངས་བཙོན་གྱི་གནད་དོན་ལས་ སྒྲ་དབྱངས་ཀྱི་གནས་སྟངས་ཚུ་ ཚུད་དེ་ཡོདཔ་ཨིན།

འགྲོ་བ་མིའི་དབང་ཆའི་ཚོགས་ཆུང་གི་ཁྲི་འཛིན་ དཔལ་བཟང་དབང་ཕྱུག་གིས་ཞུ་མི་ནང་ རྒྱལ་ཡོངས་ཚོགས་འདུ་གི་ གྲོས་ཆོད་དང་འཁྲིལ་ བུ་ལོན་ཕྱིར་བཤོལཔ་ཚུ་གིས་དོན་ལུ་ བུ་ལོན་ལོག་བཏབ་ནི་གི་ ཁྲིམས་དང་ལམ་ལུགས་ཚུ་ སོ་སོ་སྦེ་ར་ཡོདཔ་ལས་ དངུལ་འབྲེལ་གྱི་གཙུག་སྡེ་ཚུ་གིས་ རྒྱང་བསྒྲགས་ནང་ཁྱབ་བསྒྲགས་འབད་ནི་འདི་ དེ་འཕྲོ་ལས་ར་ བཀག་ཆ་འབད་དེ་འདུག་ཟེར་ཨིན་མས།

ད་རུང་ ཁྲི་འཛིན་གྱིས་ཞུ་མི་ནང་ སྒྲ་དབྱངས་ལ་ལུ་ཅིག་གིས་ ཆང་ཁང་གི་ཆོག་ཐམ་མེད་པར་ སྒྲ་དབྱངས་འདི་ ལག་ལེན་འཐབ་སྟེ་ཡོད་མི་སྐོར་ཡང་ཞུ་ཡི།

འདི་ལུ་ བསྟན་རྒྱས་བློན་པོ་ ནོར་བུ་དབང་ཕྱུག་གིས་ཞུ་མི་ནང་ འབྲུག་བརྡ་དོན་དང་ བརྒྱུད་འབྲེལ་དབང་འཛིན་གྱི་ ཞིབ་འཚོལ་འབད་དེ་ཡོད་མི་དང་འཁྲིལ་ཏེ་ ངོས་ལེན་མཛད་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ ཚོགས་ཆུང་གི་ཁྲི་གིས་ སྒྲ་དབྱངས་ལག་ལེན་འཐབ་མི་ཚུ་གིས་ དུས་ཡུན་འདི་ ཕྱི་རུ་ ཆུ་ཚོད་༡༡ལས་ལྷག་སྟེ་ ཕར་གྱང་གནང་དགོ་པའི་ ཞུ་བ་འབད་དེ་ཡོད་མི་སྐོར་ཡང་ ཚོགས་ཁང་ལུ་ཞུ་ཡི།

དེ་ལས་ སྤ་རོ་ ཟླ་བ་ཁ་ལུ་ཡོད་པའི་ ཡངས་བཙོན་གྱི་གནད་དོན་སྐོར་ལས་ ཚོགས་ཁང་ལུ་སྙན་ཞུ་ཕུལ་བའི་སྐབས་ བཙོན་པ་ཚུ་ མང་ཤོས་ཅིག་ར་ ཤེས་ཡོན་མེད་མི་ཚུ་འབདཝ་ལས་ གཞི་རྟེན་ཤེས་ཡོན་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ གྲོས་འདེབས་ཕུལ་མི་འདི་ལུ་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ ཤེས་རིག་ལྷན་ཁག་གཉིས་ཀྱི་ ཕྱག་ལཱ་གནང་པའི་བསྒང་རང་ཡོདཔ་སྦེ་ཞུ་ཡི།

འདི་བཟུམ་སྦེ་ བཙོན་ཁང་ནང་ལུ་སྐྱེས་མི་ ཨ་ལུ་ཚུ་ ཐོ་བཀོད་ཀྱི་ཐོ་བཀོད་འབད་ནི་གི་ གནད་དོན་ཐོག་ལུ་ ཁྲི་འཛིན་གྱིས་ཞུ་མི་ནང་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གི་ཁ་ཐུག་ལས་ བཙོན་ཁང་ནང་སྐྱེས་མི་ཨ་ལུ་ཚུ་ ཐོ་བཀོད་ཞིབ་དཔྱད་ཀྱི་དོན་ལུ་ མི་རྩིས་འགོ་དཔོན་གཅིག་བཏང་ནི་སྦེ་ ཁས་ལེན་གནང་སྟེ་ཡོད་ཟེར་ཞུ་ཡི།