གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྒྲོལམ་ཉི་ཤུ་རྩ་གཅིག་གི་མཐོང་གྲོལ།

སྤྱི་ཟླ་༥ པའི་ཚེས་ ༢༨ ༢༠༡༥

Drolma Nyishu Tsachi Thongdrel- HMQueenMother༉ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྡོ་རྗེ་སློབ་དཔོན་གྱིས་ ད་རིས་ ཐིམ་ཕུག་ སྤང་རི་ཟམ་པ་ལུ་ཡོད་པའི་ ཏཱ་ར་ལྷ་ལྡན་ཞིང་ཁམས་ལྷ་ཁང་ནང་ལུ་ སྒྲོལམ་ཉི་ཤུ་རྩ་གཅིག་གི་ མཐོང་གྲོལ་འདི་ བཀྲིས་རབ་གནས་གནང་ཡི།

མཐོང་གྲོལ་གྱི་ བཀྲིས་རབ་གནས་འདི་ཡང་ མི་དབང་རྒྱལ་ཡུམ་ སངྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།Drolma Nyishu Tsachi Thongdrel- HMQueenMother--

རིང་ཚད་ཕིཊ་༢༦་དང་ རྒྱ་ཚད་ཕིཊ་༣༦་འབད་མི་ སྒྲོལམ་ཉི་ཤུ་རྩ་གཅིག་གི་ མཐོང་གྲོལ་འདི་ བཞེངས་ཚར་ཚར་ལུ་ ཡུདཔ་ཅིག་ ལོ་གཅིག་དེ་ཅིག་འགོར་ནུག

སྟེ་ མཐོང་གྲོལ་འདི་ ད་ལས་ཕར་ མི་དམངས་ཀྱི་དོན་ལས་ ལོ་བསྟར་བཞིན་ རང་ཟླ་བཞི་པའི་ཚེས་༡༥་ལུ་ འཇལ་ཁ་གནང་ནི་ཨིན་མས།