གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

བཀྲིས་གཡང་རྩེ་ལུ་ཡོད་པའི་ ལུང་ཕྱོགས་སོན་རིག་ལྟེ་བའི་ནང་ལུ་ ཤར་ཕྱོགས་རྫོང་ཁག་༦གི་ནང་ལས་ གེ་རྫ་གི་སོན་ མཁོ་འདོད་སྐྱེད་མི་འདི་ མང་སུ་མང་སུ་ ཐོན་དོ་ཡོདཔ་ཨིན་མས།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༥

Regional Seed Center-yANGTSEལྟེ་བ་འདི་ཡང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་གི་ མི་སེར་སོ་ནམ་པ་ཚུ་ལུ་ སོན་རིགས་མ་འདྲཝ་ཚུ་ བཀྲམ་ནི་གི་དོན་ལས་ སྤྱི་ལོ་༢༠༡༠ལོའི་ནང་ གཞི་བཙུགས་འབད་ནུག

ལྟེ་བ་འདི་གིས་ ས་ཞིང་ཨེ་ཀར་༣༥དེ་ཅིག་གི་ནང་ལུ་ ལོ་ཐོག་གི་རིགས་མ་འདྲཝ་ཚུ་བཙུགས་ཏེ་ འདི་ཚུ་ག་ར་ མཁོ་འདོད་དང་འཁྲིལ་ཏེ་ སོན་བཟོ་དོ་ཡོདཔ་ཨིན།

ལྟེ་བ་འདི་ནང་ལས་ ལ་ཕུག་དང་ ཉ་ཁག་ཅུང་ པད་དཀར་དང་ སྐྱ་སྒོགཔ་ འདི་བཟུམ་འབད་ གེ་རྫ་གི་སོན་རིགས་མ་འདྲཝ་ཚུ་བཟོ་དོ་ཨིན་མས།

ལྟེ་བ་འདི་གིས་ གཞན་མི་ སོན་རིགས་ཚུ་དང་འཕྱདཔ་ད་ མང་ཤོས་ཅིག་ གེ་རྫ་གི་སོན་འདི་ར་ བཟོ་དོ་ཡོདཔ་ཨིན་མས།Regional Seed Center-yANGTSE-

སྤྱི་ལོ་༢༠༡༣ལོའི་ནང་ ལྟེ་བ་འདི་གིས་ གེ་རྫ་གི་སོན་ ཀེ་ཇི་སྟོང་ཕྲག་༣༩དེ་ཅིག་ བཀྲམ་ཡོདཔ་དང་ དུས་ཅི་འབད་བ་ཅིན་ གེ་རྫ་གི་སོན་ ཀེ་ཇི་སྟོང་ཕྲག་༦༠དེ་ཅིག་ མཁོ་འདོད་སྐྱེད་མི་ཐོན་ནུག

ལྟེ་བ་འདི་ནང་ལུ་ གེ་རྫ་གི་སོན་བཟོ་ནི་དང་ སྒམ་བརྐྱབ་ནི་གི་དོན་ལས་ ལས་ཚན་ར་ སོ་སོ་སྦེ་ཡོདཔ་ཨིན་མས།

ཨིན་རུང་ ལྟེ་བ་འདི་ལུ་ གདོང་ལེན་སྦོམ་ཤོས་ཅིག་ར་ མི་སེར་སོ་ནམ་པ་ཚུ་གིས་ སོན་རིགས་འདི་ཚུ་ དུས་ཚོད་ཁར་ མཁོ་བསྔགས་མ་འབད་མི་ལས་བརྟེན་ཏེ་ བྱུང་དོ་ཡོདཔ་ཨིན་མས།

ལུང་ཕྱོགས་སོན་རིགས་ལྟེ་བ་འདི་ཡང་ མི་སེར་སོ་ནམ་པ་ཚུ་གི་ མི་ཚེ་གནས་སྟངས་ལེགས་ཤོམ་འགྱོ་ནི་གི་དོན་ལས་ སྤུས་ཚད་ལེགས་ཤོམ་ཡོད་པའི་ སོན་རིགས་ཚུ་བཏོན་ནི་ལུ་དམིགས་ཏེ་ གཞི་བཙུགས་འབད་དེ་ཡོདཔ་དང་ ལྟེ་བ་འདི་གིས་ སྤྱི་ལོ་༢༠༡༢ལས་ཚུར་ སོན་རིགས་དང་ལྕངམ་འདི་ཚུ་བཟོ་ནི་འགོ་བཙུགས་ནུག