གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཧཱ་དང་བསམ་རྩེ་གི་ ཡན་ལག་གཞུང་ལམ་ སེལ་བའི་བསྒང་ཡོདཔ་ཨིན།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

PM visits Samtse-Haa highway༉ བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ ད་རེས་འཕྲལ་ཁམས་ཅིག་ཁར་ ཧཱ་དང་བསམ་རྩེ་བར་ན་གི་ ཡན་ལག་གཞུང་ལམ་ སེལ་བའི་བསྒང་ཡོད་མི་འདི་ནང་ གཟིགས་ཞིབ་གནང་ཡི།

ཡན་ལག་གཞུང་ལམ་འདི་ཡང་ ཧཱ་རྫོང་ཁག་ ས་དམར་རྒེད་འོག་ རྒྱན་ཀ་ན་སྤྱི་འོག་ལས་དང་ རྡོ་ར་ཁ་དྲུང་ཁག་ རྡོ་ཕུག་ཅན་རྒེད་འོག་ལས་སྦེ་ སེལ་དོ་ཡོདཔ་ཨིན་མས།

ཡན་ལག་གཞུང་ལམ་ སེལ་ནི་གི་ལཱ་འདི་ ཤུགས་ལང་པའི་བསྒང་ར་ཡོདཔ་ད་ ལམ་འདི་གི་ སེལ་ཚར་བའི་བསྒང་ལས་ ཧཱ་རྫོང་ཁག་འོག་གི་ དགའ་སྐྱིད་གླིང་དང་ གསང་སྦས་རྒེད་འོག་ལྟེ་བ་གཉིས་ཡང་ འཁོར་ལམ་གྱི་ མཐུད་འབྲེལ་འབད་ནི་ཨིན་མས།PM visits Samtse-Haa highway-

སྟེ་ ཡན་ལག་གཞུང་ལམ་ འདི་ལས་བརྟེན་ཏེ་ མཐའ་ཟུར་རྒེད་འོག་གཉིས་ཀྱི་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་འདི་ཡང་ ཡར་དྲག་འགྱོ་ཚུགས་པའི་ རེ་བ་སྐྱེདཔ་ཨིན་མས།

ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ དྲག་ཤོས་ བསོད་ནམས་བསྟན་འཛིན་གྱིས་གསུང་མི་ནང་ རྒྱལ་ཁབ་ནང་གི་ རྒེད་འོག་ཚུ་ནང་ འཁོར་ལམ་བཏོན་ཚུགས་པའི་ འོས་འབབ་ཡོད་མི་ཚུ་ནང་ལུ་ ལམ་འདི་སེལ་ཚར་ཏེ་ ཡོདཔ་སྦེ་ཨིན་མས།

ཡན་ལག་གཞུང་ལམ་འདི་ཡང་ ཟད་འགྲོ་དངུལ་ཀྲམ་ ས་ཡ་སྟོང་ཕྲག་གཅིག་ལྷགཔ་ཅིག་ བཏང་ཐོག་ལས་སྦེ་ ལེལ་དོ་ཡོདཔ་ཨིན།

ཧཱ་དང་བསམ་རྩེ་བར་ན་གི་ ཡན་གཞུང་ལམ་སེལ་ནི་གི་ ལཱ་འདི་ཡང་ སྤྱི་ལོ་༢༠༡༨དེ་ཅིག་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་སྐྱེད་དོ་ཡོདཔ་ཨིན་མས།