གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བསམ་གྲུབ་ལྗོངས་མཁར་ལུ་ བཙོང་ཁྲལ་བསྡུ་ནི་ནང་ དཀའ་ངལ་འཐོན་ཏེ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༥

SJ- Tax༉ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་ཁྲལ་བསྡུ་མི་སྦེ་ ཐོ་བཀོད་འབད་དེ་ཡོད་མི་ བཟའ་ཁང་ཚུ་གིས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བཙོང་ཁྲལ་བསྡུ་དགོཔ་སྦེ་ སླབ་མི་འདི་ བསྡུ་ཚུགས་པ་ལུ་ ལཱ་ཁག་བཏང་དོ་ཡོདཔ་སྦེ་ཨིན་མས།

སྟེ་ ཁོང་ཐོ་བཀོད་འབད་དེ་ཡོད་མི་ བཟའ་ཁང་ཚུ་གིས་ བཙོང་ཁྲལ་ཚུ་ཡང་ ཚོང་མགྲོན་པ་ཚུ་ནང་ལས་ བསྡུ་དགོཔ་ཨིནམ་ད་ འདི་ཡང་ ཟླ་རིམ་བཞིན་དུ་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ལུ་ སྤྲོད་དགོ་དོ་ཡོདཔ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ལུ་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གི་དོན་ལས་ བཙོང་ཁྲལ་བསྡུ་མི་སྦེ་ ཐོ་བཀོད་འབད་དེ་ཡོད་མི་ བཟའ་ཁང་༡༥་འདུགRRCO- SJ- Tax

སྟེ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་དང་འཁྲིལ་བ་ཅིན་ བཟའ་ཁང་ཚུ་ཡང་ ཁྲོམ་ཁ་ལུ་ ཞིབ་འཇུག་ཅིག་ འགོ་འདྲེན་འཐབ་པའི་ཤུལ་ བཙོང་ཁྲལ་བསྡུ་མི་བཟའ་ཁང་ཅིག་སྦེ་ ཐོ་བཀོད་འབད་དེ་ ཡོད་ཟེར་ཨིན་མས།

ཐོ་བཀོད་འབད་དེ་ཡོད་མི་ བཟའ་ཁང་ཚུ་གིས་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གི་ སྒྲིག་གཞི་དང་འཁྲིལ་ཏེ་ རྩི་ཁྲ་ཚུ་ལེགས་ཤོམ་སྦེ་རང་ བཞག་དགོ་དོ་ཡོདཔ་ཨིན་མས།

ག་དེ་ཅིག་སྦེ་ ཁོང་བཟའ་ཁང་ཚུ་གིས་ རྩི་ཁྲ་ཚུ་ དེ་སྦེ་བཞག་མ་ཚུགས་པ་ཅིན་ ཉེས་བྱ་དངུལ་ཀྲམ་སྟོང་ཕྲག་༡་ལས་ འབུམ་གཅིག་གི་བར་ན་ བཀལ་ནི་སྦེ་འདུག

ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ བཙོང་ཁྲལ་བསྡུ་མི་བཟའ་ཁང་ཚུ་ལུ་ བཙོང་ཁྲལ་གྱི་སྐོར་ལས་ གོ་བརྡ་སྤྲོད་ནི་གི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོདཔ་ཨིན།