གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

སློབ་གྲྭ་ལྟེ་བ་འགོ་འབྱེད་འབད་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

CentralSchool༉ སྤུས་ཚད་ལྡན་པའི་ ཤེས་རིག་གི་ཞབས་ཏོག་འདི་ ག་ར་གིས་འཐོབ་ཚུགསཔ་ ངེས་གཏན་བཟོ་ནི་དང་ ཤེས་རིག་གི་ཞབས་ཏོག་བྱིན་ནི་ནང་ལུ་ ཡུན་བརྟན་དང་འཇོན་ཐངས་འདི་ཚུ་ ཡར་དྲག་བཏང་ནིའི་དོན་ལུ་ སློབ་གྲྭ་ལྟེ་བ་༢༤་འདི་ ཁ་ཙ་ འགོ་འབྱེད་འབད་ཡོདཔ་ཨིན།

འགོ་འབྱེད་ལས་རིམ་འདི་ཡང་ ཐིམ་ཕུག་ལུ་ཡོད་མི་ ཝང་བ་མ་ སློབ་གྲྭ་ལྟེ་བ་ལས་ འགོ་འདྲེན་འཐབ་ཅི།

འདི་ཡང་ སློབ་གྲྭའི་བསྐྱར་ཞིབ་ལས་རིམ་དང་འབྲེལ་ཏེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ འབྲུག་ལུ་རྒྱ་གར་གྱི་གཞུང་ཚབ་གཉིས་ཀྱིས་ མོ་བཏབ་ཀྱི་སློབ་གྲྭ་༢༤་འདི་ འགོ་འབྱེད་གནང་ཡོདཔ་ཨིན།

སློབ་གྲྭ་ལྟེ་བ་༢༤་ཡོད་མི་ནང་ལུ་ སློབ་ཕྲུག་སྟོང་ཕྲག་༡༤་དང་༩༦༦་བཙུགས་ཏེ་ཡོདཔ་ད་ དེ་ནང་ལས་ སློབ་ཕྲུག་༩༢༨༠་འདི་ གཞུང་པ་སྦེ་དང་ གཞན་མི་ ༥༦༨༦་འདི་ ཉིན་ཆོས་བལྟ་མི་ཨིན་མས།

སློབ་གྲྭ་ལྟེ་བ་ འགོ་འབྱེད་འབད་མི་འདི་ དེང་སང་གི་ཤེས་རིག་ནང་ལུ་ འགྱུར་བ་གལ་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ ཤེས་རིག་གི་ཐབས་བྱུས་ནང་ལུ་ སློབ་གྲྭའི་བསྐྱར་ཞིབ་ལས་རིམ་ གཙོ་རིམ་ཅན་ཅིག་སྦེ་ཡོད་མི་ལུ་བརྟེན་ཨིན་མས།

ཤེས་རིག་གི་ཐབས་བྱུས་འདི་གིས་ སློབ་ཕྲུག་ཚུ་གི་བརྒྱུད་ལུ་ སྤྱིར་བཏང་གི་སྦྱང་བརྩོན་ཚུ་ ཡར་དྲག་བཏང་སྟེ་ རྒྱལ་ཁབ་ནང་ལུ་ ཤེས་རིག་གི་སྤུས་ཚད་ རྒྱ་བསྐྱེད་བཏང་ནི་ལུ་ དམིགས་ཡུལ་བསྐྱེདཔ་ཨིན་མས།

ད་རེས་ཡོད་མི་ སློབ་གྲྭ་ལྟེ་བ་༢༤་གི་མ་ཚད་པར་ ད་རུང་ར་ སློབ་གྲྭ་༡༨་ ངོས་འཛིན་འབད་དེ་ཡོདཔ་ཨིན་མས།

སྟེ་ སློབ་གྲྭ་དེ་ཚུ་གིས་ཡང་ ཤུལ་མའི་སློབ་དུས་ལས་འགོ་བཙུགས་ཏེ་ ཀུན་ཚང་ཤེས་ཡོན་བྱིན་ནི་གི་དོན་ལུ་ བཟའ་འཐུང་དང་ གཞན་མཐུན་རྐྱེན་ཚུ་ག་ར་ རིན་མེད་སྟོངམ་སྦེ་བྱིན་ནི་ཨིན་མས།

སློབ་གྲྭའི་བསྐྱར་ཞིབ་ལས་རིམ་འདི་ཡང་ རྒྱ་གཞུང་གཞུང་གིས་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༣་དང་ཚག་༤་བཏང་སྟེ་སྦེ་ རྒྱབ་བསྐྱོར་འབདཝ་ཨིན་མས།