གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཇ་པཱན་གཞུང་ལས་ མ་དངུལ་གྲོགས་རམ་བསྡོམ་ཡུ་ཨེས་དྲོ་ལར་ས་ཡ་༡༨་དེ་ཅིག་གནང་ནི་ཨིནམ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༥

༉ ཇ་པཱན་གཞུང་གི་ དབང་འདུས་Japanese government commit US$ 16 M--ཕོ་བྲང་དང་ ཀྲོང་གསར་གི་བར་ན་ ཟམ་གསུམ་བརྐྱབ་ནི་གི་དོན་ལས་ ཡུ་ཨེས་དྲོ་ལར་ ས་ཡ་༡༦དེ་ཅིག་ མ་དངུལ་གྲོགས་རམ་ བྱིན་ནི་སྦེ་ཨིན་མས།

མ་དངུལ་གྲོགས་རམ་འདི་གི་དོན་ལས་ འགན་ཡིག་གུ་ལུ་ མཚན་རྟགས་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ འབྲུག་ལུ་ཡོད་པའི་ ཇའི་ཀ་ཡིག་ཚང་གཉིས་ཀྱི་བར་ན་ བཀོད་དེ་ཡོདཔ་ཨིན།

མ་དངུལ་གྲོགས་རམ་གྱི་ཐོག་ལས་ ཆུ་འཛོམས་ས་དང་ ནི་ཀ་ཆུ་ དེ་ལས་ ཟ་ལམ་ཆུ་གི་ཟམ་ཚུ་ བཟོ་བསྐྲུན་འབད་ནི་ཨིན་མས།

ཟམ་གསུམ་བརྐྱབ་ནི་གི་ ལཱ་ངོ་མ་འདི་ སང་འཕོས་ཀྱི་ལོ་ནང་ལས་ འགོ་བཙུགས་ཏེ་སྦེ་ བཟོ་བསྐྲུན་གྱི་ལཱ་འདི་ཚུ་ སྤྱི་ལོ་༢༠༡༧་ སྤྱི་ཟླ་༩པ་དེ་ཅིག་ལས་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན།

ཟམ་འདི་ཚུ་ སྒྲུབ་ཚར་བའི་བསྒང་ལས་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ ཕན་ཐོག་སྦོམ་ར་འབྱུང་ནི་ཨིན་མས།

ཇའི་ཀ་གི་ ད་ལྟོ་གི་ནང་འཁོད་ རྒྱལ་ཁབ་ཀྱི་ ས་གནས་ཁག་སོ་སོ་ཚུ་ནང་ ཟམ་༡༩ལྷགཔ་ཅིག་ བརྐྱབ་སྟེ་ཡོདཔ་ད་ འདི་གི་གྲལ་ལས་ ཟམ་༡༦འདི་ གཞུང་ལམ་ཚུ་ནང་ལུ་ བརྐྱབ་སྟེ་སྦེ་འདུག

འདི་བཟུམ་སྦེ་ ཇ་པཱན་གཞུང་གི་ ས་གནས་གཞུང་ནང་ལུ་ མི་སྡེ་ཚུ་གི་གྲལ་གཏོགས་ཀྱི་དོན་ལུ་ ཡུ་ཨེས་དྲོ་ལར་ ས་ཡ་༢་དེ་ཅིག་གནས་པའི་ འཕྲུལ་རིག་གི་རྒྱབ་སྐྱོར་བྱིན་ནི་ལུ་ ཁས་ལེན་འབད་དེ་ཡོདཔ་ཨིན།

འཕྲུལ་རིག་མཉམ་འབྲེལ་གྱི་ ལས་འགུལ་འདི་ཡང་ བདག་དབང་ སྒྲིང་སྒྲིང་བཟོ་ནི་དང་ ས་གནས་གཞུང་ནང་ མི་སྡེ་ཚུ་གིས་ གྲལ་གཏོསག་འབད་ནི་ནང་ རྒྱབ་སྐྱོར་བྱིན་ནི་འདི་ཨིན་མས།

ལས་འགུལ་འདི་ཡང་ དུས་ཅི་ སྤྱི་ཟླ་༥་པ་ལས་འགོ་བཙུགས་ ལོ་ངོ་གསུམ་གྱི་རིང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ལག་ལེན་འཐབ་ནི་ཨིན་མས།