གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

ཉོ་སྤྱོད་ཀྱི་གོང་ཚད་ བརྒྱ་ཆ་༦་ལྷགཔ་ཅིག་གིས་ ཡར་སེང་སོང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༥

Inflation at 6_3༉ རྒྱལ་ཁབ་ནང་ལུ་ ན་ཧིང་དང་ དུས་ཅི་གི་བར་ན་ ཉོ་སྤྱོད་ཀྱི་གོང་ཚད་དེ་ བརྒྱ་ཆ་༦དང་ཚག་༣དེ་ཅིག་གི་ ཡར་སེང་སོང་ཡོདཔ་སྦེ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༤་ སྤྱི་ཟླ་གཉིས་པ་ལས་ དུས་ཅི་ སྤྱི་ཟླ་གཉིས་པ་གི་ནང་ལུ་ ཅ་ཆས་རིགས་ཚུ་གིས་ གནས་གོང་འདི་ ཡར་སེང་འགྱོ་ཡོད་པའི་ རྟགས་མཚན་ཅིག་ཨིན་མས།

རྒྱལ་ཡོངས་རྩིས་དཔྱད་བཀོག་འཛིན་དང་འཁྲིལཔ་ད་ ཡར་སེང་འདི་ཡང་ སྣུམ་འཁོར་གྱི་གོང་ཚད་དང་ ཁྱིམ་གྱི་ཁང་གླ་ ཡར་སེང་འགྱོ་མི་འདི་གི་ ཨིནམ་སྦེ་བཀོད་ནུག

སྣུམ་འཁོར་གྱི་གོང་ཚད་དེ་ བརྒྱ་ཆ་༣༧དེ་ཅིག་གི་ཡར་སེང་དང་ ཁྱིམ་གྱི་ཁང་གླ་འདི་ཡང་ བརྒྱ་ཆ་༡༤དེ་ཅིག་གི་ ཡར་སེང་འབད་ཡོད་མི་ལས་བརྟེན་ཨིན་མས།

འདི་བཟུམ་སྦེ་ བཟའ་ཐུང་གི་རིགས་ཚུ་གི་གྲལ་ལས་ ཨོམ་གྱི་འཐོན་སྐྱེད་དང་ སྒོང་རྡོག་ཚུ་གི་གོང་ཚད་དེ་ བརྒྱ་ཆ་༡༠དེ་ཅིག་གི་ ཡར་སེང་སོང་ཡོདཔ་ཨིན་མས།