གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

ཞིང་ཆུ་མེད་པའི་དཀའ་ངལ།

སྤྱི་ཟླ་༣ པའི་ཚེས་ ༣༡ ༢༠༡༥

WatherChannel-Sarpang- ༉ གསར་སྤང་རྫོང་ཁག་ ཆུ་འཛོམས་རྒེད་འོག་ ལྷ་གཡུལ་གཡུས་ཚན་ནང་ལུ་ ཞིང་ཆུ་མ་ལང་པའི་དཀའ་ངལ་འདི་ སྦོམ་སྦེ་ར་ཡོདཔ་ལས་ འཐོན་སྐྱེད་དེ་ལུ་ཡང་ གནོད་པ་འབྱུང་སྟེ་སྦེ་འདུག

ཨིན་རུང་ ཀི་ལོ་མི་ཀྲར་ བདུན་དང་ཕྱེད་འབད་མི་ ཆུ་གཡུར་བཟོ་བསྐྲུན་གྱི་ལཱ་འདི་ འགོ་བཙུགས་ཡོདཔ་ལས་ འདི་གི་ ཞིང་ཆུ་གི་དཀའ་ངལ་འདི་ སེལ་ཚུགས་པའི་རེ་བ་སྐྱེདཔ་ཨིན་མས།

ལྷ་གཡུལ་གཡུས་ཚན་འདི་ནང་ ཆུ་ཞིང་ཨེ་ཀར་༥༠༠ལྷགཔ་ཅིག་ཡོདཔ་ད་ ད་ལྟོ་ཚུན་གྱི་རིང་ ས་གནས་ཀྱི་མི་ཚུ་གིས་ ལྕང་ལཱ་བརྐྱབ་ནི་དོན་ལུ་ ཆུ་ལངམ་སྦེ་ མེད་མི་ལས་བརྟེན་ འཐོན་སྐྱེད་འདི་ལུ་ ཐོག་ཕོག་སྟེ་སྦེ་འདུག

ཨིན་རུང་ གཞུང་གི་ཁ་ཐུག་ལས་ ཆུ་གཡུར་བཟོ་བསྐྲུན་གྱི་ལཱ་འདི་ ཧ་ལམ་ མཇུག་བསྡུ་ནི་གུ་ ལྷོད་དེ་ཡོདཔ་ལས་ དུས་ཅི་ལོ་ནང་ དཀའ་ངལ་འདི་ མི་འཐོནམ་འོང་མནོ་བའི་ རེ་བ་སྐྱེད་དོ་ཡོདཔ་ཨིན།WatherChannel-Sarpang

ཁ་འབགཔ་འདི་གི་ ཆུ་གཡུར་བཟོ་བསྐྲུན་ལཱ་འདི་ ནང་ཧིང་གི་ལོ་ནང་ལུ་ར་ མཇུག་བསྡུག་དགོཔ་སྦེ་ཡོད་རུང་ ད་ལྟོ་ཡང་ མཇུག་བསྡུ་མ་ཚུགས་པ་ཡོདཔ་ལས་ མི་ཚུ་གིས་སླབ་མི་ནང་ དུས་ཚོད་ཁར་ ག་དེ་སྦེ་ གྲུབ་ཚུགས་ག་མནོ་བའི་ ཚ་གྱང་ལང་མས་ཟེར་བཤད་ཅི།

ཁ་འབག་གི་ལཱ་འབད་མི་ འཇམ་དཔལ་གྱིས་སླབ་མི་ནང་ ཆུ་གཡུར་བཟོ་བསྐྲུན་གྱི་ལཱ་ བརྒྱ་ཆ་༩༥དེ་ཅིག་འདི་ མཇུག་བསྡུ་ཡོདཔ་ལས་ དུས་ཅི་ ལྕང་ལཱ་འགོ་མ་བཙུགས་པའི་ ཧེ་མ་ལས་ར་ ལཱ་འདི་ཚུ་ མཇུག་བསྡུ་ཚུགསཔ་སྦེ་ འབད་ནི་ཟེར་བཤད་ཅི།

ཆུ་གཡུར་འདི་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ རྒྱབ་སྐྱོར་ཐོག་ལུ་ སྤྱི་ལོ་༢༠༡༢མཇུག་བསྡུ་ཁམས་ལས་ བཟོ་བསྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ འདི་གི་ ཁྱིམ་གུང་པ་༡༥༠དེ་ཅིག་ལུ་ ཕན་ཐོག་བྱུང་ནི་ཨིན་མས།