གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

མི་དབང་རྒྱལ་ཡུམ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ བུམ་ཐང་ དབང་འདུས་ཆོས་གླིང་ཕོ་བྲང་ ཉམས་གསོའི་ལཱ་ འགོ་འབྱེད་མཛད་གནང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

Wangdicholing palace restoration༉ བུམ་ཐང་ལུ་ དབང་འདུས་ཆོས་གླིང་ཕོ་བྲང་ ཉམས་གསོའི་ལཱ་འདི་ ཁ་ཙ་ མི་དབང་རྒྱལ་ཡུམ་ཚེ་རིང་པདྨོ་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ནུག

ཕོ་བྲང་ཉམས་གསོའི་ལཱ་འདི་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལུ་ གུས་བསྟུད་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཨིན་མས།

དབང་འདུས་ཆོས་གླིང་ཕོ་བྲང་འདི་ མི་དབང་འབྲུག་རྒྱལ་དང་པ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གི་ཡབ་ འཇིགས་མེད་རྣམ་རྒྱལ་གྱིས་ བཞེངས་གནང་གནངམ་ཨིན་མས།Wangdicholing palace restoration-

ཕོ་བྲང་འདི་ འབྲུག་གི་རྒྱལ་རབ་ནང་ལུ་ གལ་གནད་ཅན་ཅིག་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ལུ་ ཞི་བདེ་དང་ རྩ་བརྟན་གྱི་དུས་སྐལ་ འགོ་བཙུགས་པའི་དུས་ཚོད་ཅིག་ཨིན་མས།

ཕོ་བྲང་ཉམས་གསོའི་ལས་འགུལ་འདི་ འབྲུག་གཞི་ཚོགས་ཀྱི་ མ་དངུལ་རྒྱབ་བསྐྱོར་ཐོག་ལས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ འགོ་འདྲེན་འཐབ་ནི་ཨིན་མས།

ཉམས་གསོའི་ལཱ་ཚུ་ཡང་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ནི་ཨིནམ་ད་ དེ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠༠་དེ་ཅིག་ གནས་ནི་ཨིན་པའི་ ཚད་རྩིས་བཏོན་ཏེ་འདུག