གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མོང་སྒར་ལུ་ རྙིང་མའི་མཐོ་རིམ་བཤད་གྲྭ་ གསརཔ་རྐྱབ་ནི་གི་ས་སླང་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

Thegchhog Namdrol Ugyen Choling Shedra  to be upgraded-.༉ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ མི་དབང་རྒྱལ་པོའི་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཁ་ཙ་ མོང་སྒར་ དགྲ་མེད་རྩེ་ལྷ་ཁང་ནང་ལུ་ཡོད་པའི་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་བཤད་གྲྭ་འདི་ ནང་པའི་མཐོ་རིམ་བཤད་གྲྭ་ལུ་ཡར་སེང་འབད་ནི་གི་དོན་ལས་ གྲྭ་གཤག་དང་སློབ་ཁང་ཚུ་གསརཔ་རྐྱབ་ནི་གི་ས་སླང་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ནུག

འདི་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་བཀའ་རྒྱ་དང་འཁྲིལ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠་བཞེས་པའི་འཁྲུངས་སྐར་དུས་ཆེན་རྩིས་སྲུང་ཞུ་ནི་གི་དོན་ལུ་ ཡར་སེང་གནངམ་ནི་ཨིན་མས།

མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ བཤད་གྲྭ་གསརཔ་རྐྱབ་ནི་གི་ས་ཁོངས་ནང་ལུ་ ས་ཆུ་འབུམ་གཏེར་བཙུགས་གནང་ཡི།

ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་བཤད་གྲྭ་གསརཔ་འདི་ནང་ལུ་ གྲྭ་བཤགས་དང་སློབ་ཁང་ དེ་ལས་ བདག་སྐྱོང་དང་ཐབ་ཚང་ འདི་བཟུམ་སྦེ་ ཞལ་འཛོམས་ཁང་ཚུ་ འོང་ནི་ཨིནམ་མ་ཚད་ དགེ་སློང་ཡང་༢༠༠་དེ་ཅིག་ ཤོང་ཚུགས་ནི་ཨིན་མས།

ལས་འགུལ་འདི་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༠་ལྷགཔ་ཅིག་ གནས་ནི་ཨིནམ་ད་ ལས་འགུལ་འདི་ཡང་ ལོ་གཉིས་ཀྱི་རིང་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་འདུག

མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ དགྲ་མེད་རྩེ་ལྷ་ཁང་འདི་ནང་ལུ་གཟིགས་བསྐོར་གནང་བཞིན་ན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དེ་ལས་ རྒྱལ་ཁབ་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཞི་བདེ་གི་དོན་ལུ་ སྨོན་འདེབས་ཚུ་ཕུལ་གནང་ཡི།Thegchhog Namdrol Ugyen Choling Shedra  to be upgraded.

ད་རུང་ མི་དབང་རྒྱལ་ཚབ་མཆོག་གིས་ ལྷ་ཁང་འདི་གི་དབུ་རྩེ་ཉམས་གསོ་ཞུ་བའི་བསྒང་ཡོད་ས་ལུ་ཡང་ གཟིགས་ཞིབ་གནང་ཡོདཔ་མ་ཚད་ རྟེན་འབྲེལ་འདི་ཁ་ལུ་འཛོམས་ཡོད་མི་ མི་སེར་ཚུ་ལུ་ཡང་ མཇལ་ཕྲད་གནང་སྟེ་ ལྟོ་ཁ་ཅིག་གནང་སྟེ་ཡོདཔ་ཨིན།

ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་བཤད་གྲྭ་འདི་ནང་ལུ་ ད་རེས་ འཛིན་གྲྭ་༨་པ་ཚུན་ཡོདཔ་ཨིན་རུང་ བཤད་གྲྭ་འདི་ ཤུལ་ལས་ མཐོ་རིམ་སློབ་གྲྭ་ལུ་འགྱུར་ཚར་བའི་བསྒང་ལས་ པད་གླིང་གི་ནང་ལུ་ ཆེ་རིམ་གནས་ཚད་ཀྱི་དཔེ་ཆ་ཚུ་ ལྷབ་སྦྱང་ཚུ་འབད་ཚུགས་ནི་ཨིན་མས།

དགྲ་མེད་རྩེ་ལྷ་ཁང་འདི་ཡང་ ཨ་ནི་མཆོད་རྟེན་བཟང་མོ་གིས་ སྤྱི་ལོ་༡༥༡༡་ལུ་ གཞི་བཙུགས་མཛད་གནང་ནུག

ད་རེས་ ལྷ་ཁང་འདི་ནང་ལུ་ སྒོམ་ཆེན་ཚུ་རྩིས་ཏེ་ དགེ་སློང་༡༤༠་དེ་ཅིག་འདུག