གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

འབྲུག་རྒྱལ་ཁབ་ཀྱིས་ དུས་ཅི་ རྒྱ་ནག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ ཕྱི་རྒྱལ་གྱི་མདའ་ཞུ་ཐོག་ལུ་ འཛམ་གླིང་མདའ་རྩེད་ཀྱི་འགྲན་བསྡུར་ནང་ལུ་ འགོ་དང་པ་ བཅའ་མར་གཏོགས་ནི་ཨིནམ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

CompoundBow-Archery World Cup༉ འབྲུག་རྒྱལ་ཁབ་ཀྱིས་ དུས་ཅི་ རྒྱ་ནག་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ ཕྱི་རྒྱལ་གྱི་མདའ་ཞུ་ཐོག་ལུ་ འཛམ་གླིང་མདའ་རྩེད་ཀྱི་འགྲན་བསྡུར་ནང་ལུ་ འགོ་དང་པ་ བཅའ་མར་གཏོགས་ནི་ཨིན་མས།

འགྲན་བསྡུར་འདི་གི་དོན་ལས་ མདའ་རྩེདཔ་༣་འབད་མི་ འབྲུག་པའི་རྒྱལ་ཡོངས་ཀྱི་མདའ་རྩེད་སྡེ་ཚན་ཡང་ བཟོ་ཚར་ཏེ་ཡོདཔ་ལས་ སྦྱང་བ་ཚུ་འབད་བའི་བསྒང་འདུག

ཁོང་གདམ་འཐུ་འབད་དེ་ཡོད་མི་ མདའ་རྩེདཔ་ཚུ་ཡང་ སྤྱིར་བཏང་ཕྱི་རྒྱལ་གྱི་མདའ་གཞུ་ཐོག་ལུ་ མདའ་རྩེད་འབད་ནི་ནང་ ཡོངས་གྲགས་ཡོད་ཚུ་ཨིན་མས།་

འཛམ་གླིང་མདའ་རྩེད་འགྲན་བསྡུར་འདི་ཡང་ དུས་ཅི་ སྤྱི་ཟླ་༥་པའི་ནང་ལུ་ འགོ་འདྲེན་འཐབ་ནི་གི་ལས་རིམ་འདུག

འབྲུག་མདའ་རྩེད་ཚོགས་པའི་སློབ་སྟོན་པ་ བཀྲིས་ཚེ་རིང་གིས་སླབ་མི་ནང་ འབྲུག་རྒྱལ་ཁབ་ཀྱིས་ སྤྱི་ལོ་༡༩༨༤་ལུ་ མདའ་ཞུ་སོ་སོ་གུ་ལུ་ ཨོ་ལོམ་པིག་གི་མདའ་རྩེད་འགྲན་བསྡུར་ནང་ལུ་བཅའ་མར་གཏོགས་པའི་ཤུལ་ ད་ལྟོ་ཚུན་ ཕྱི་རྒྱལ་གྱི་མདའ་ཞུ་ཐོག་ལུ་ རྒྱལ་སྤྱི་གི་གནས་ཚད་ཁར་ གྲལ་ཁར་གཏོགས་མ་ཚུགས་པར་ལུས་ཏེ་ཡོད་ཟེར་ཨིན་མས།

འདི་ཡང་ འབྲུག་ལུ་ ད་རེས་ ཕྱི་རྒྱལ་གྱི་མདའ་གཞུ་ལག་ལེན་འཐབ་པའི་སྐབས་ འདི་ནང་ལུ་ ཀྲི་གར་དང་ ཚ་གཏད་ནི་གི་རྒྱང་བཤལ་ལ་སོགས་པའི་མཐུན་རྐྱེན་ལག་ལེན་འཐབ་ནི་མེད་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

འཛམ་གླིང་མདའ་རྩེད་འགྲན་བསྡུར་ནང་ལུ་ ཁོང་ཆ་ཁྱབ་ཀྱིས་ མི་ངོ་རེ་རེ་གི་དབྱེ་ཁག་དང་ སྡེ་ཚན་གྱི་དབྱེ་ཁག་ཚུ་ནང་ལུ་ དོ་འགྲན་འབད་དགོ་ནི་ཨིན་མས།