གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

སིང་ག་པུར་གྱི་ སྲིད་བློན་བགྲེསཔ་བཤགས་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༡༥

Lee KUanYew- Butter Lamps༉ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཁ་ཙ་ འཛམ་གླིང་རྒྱལ་ཁབ་ཀྱིས་ དབུ་འཁྲིདཔ་ཚུ་དང་གཅིག་ཁར་ སི་ག་པུར་ལུ་སྦེ་ སྲིད་བློན་བགྲེསཔ་བཤགས་མི་ ལི་ཀོན་ཡུ་གིས་ སྤུར་བྱང་འདི་ནང་ གྲལ་བཞུགས་མཛད་གནང་ཡི།

འདི་བཟུམ་སྦེ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་བཞིན་དུ་ སེང་ག་པུར་གྱི་ སྲིད་བློན་བགྲེསཔ་ ལི་ཀོན་ཡུ་བཤགས་མི་ལུ་ གུས་བཏུད་ཞུ་ནི་གི་དོན་ལས་ ཁ་ཙ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ལུ་སྦེ་ དཀར་མེ་སྟོང་མཆོད་ཕུལ་ཏེ་ཡོདཔ་ཨིན།

སྟེ་ དཀར་མེ་སྟོང་མཆོད་འདི་ཡང་ བློན་པོ་ལྷན་རྒྱས་ཚུ་དང་ གཞུང་གི་ཆེ་མཐོའི་དཔོན་ཁག་ཚུ་གིས་ ཕུལ་ཡོདཔ་ད་ འདི་ཁ་ལུ་ སེང་ག་པུར་ལས་ འབྲུག་ལུ་བལྟ་བསྐོར་ལུ་འོང་མི་ བལྟ་བཤལཔ་ཚུ་གིས་ཡང་ གྲལ་ཁར་གཏོགས་ནུག

ད་རུང་ སྲིད་བློན་བགྲེསཔ་བཤག་མི་འདི་ལུ་ གུས་བཏུད་ཞུ་ནི་གི་དོན་ལུ་ འབྲུག་གི་རྒྱལ་དར་འདི་ཡང་ ཕྱད་ཀ་ཕབ་སྟེ་ འཕྱར་ཡོདཔ་ཨིན།

སྟེ་ སྐྱེས་ལོ་༩༡་ལང་མི་ སྲིད་བློན་བགྲེསཔ་ ལི་ཀོན་ཡུ་འདི་ ད་རེས་ཟླཝ་གི་ སྤྱི་ཚེས་༢༣་ལུ་ བཤགས་སོང་ནུག

སྲིད་བློན་བགྲེསཔ་ ལི་ཀོན་ཡུ་འདི་ སིང་ག་པུར་གྱི་ སྲིད་བློན་འགོ་དང་པ་ཅིག་ཨིནམ་ད་ སེང་ག་པུར་གྱི་རྒྱལ་ཁབ་ དེ་རེས་ཀྱི་གནས་སྟངས་ལུ་ ཡར་དྲགས་བཏང་མི་འདི་ སྲིད་བློན་ཁོ་ན་གི་ བཀྲིན་ལས་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ སྲིད་བློན་འདི་གི་ སྲིད་བྱུས་དང་མཛད་བྱ་ཚུ་ འཛམ་གླིང་ནང་གི་ དབུ་ཁྲིདཔ་ཚུ་གིས་ ངལ་རང་སྦོམ་སྦེ་རང་ སྐྱེད་དོ་ཡོདཔ་སྦེ་ཨིན་མས།