གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

སྤུ་ན་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་སློབ་རིམ་༡༡པའི་ནང་འཛུལ་ནི་གི་ས་སྒོ་འཚོལ་མི་ལེ་ཤ་ཐོན་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༧ ༢༠༡༥

AdmissionPressure-Punakha༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལས་ སློབ་ཕྲུག་༡༥༠ལྷགཔ་ཅིག་གིས་ ཁ་ཙ་ སྤུ་ན་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ལུ་ སློབ་རིམ་༡༡པའི་ནང་འཛུལ་ནི་གི་དོན་ལས་ ས་སྒོ་འཚོལ་བ་འོང་ནུག

ཨིན་རུང་ རྫོང་ཁག་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ལས་ སློབ་གྲྭ་འདི་ནང་བཏང་མི་ སློབ་ཕྲུག་ཚུ་གི་ར་ བསྒང་ཡོདཔ་ལས་ གཞན་ཁ་ལས་འོང་མི་སློབ་ཕྲུག་ཚུ་གིས་ ས་སྒོ་ཐོབ་མི་ཚུགས་ནི་ཨིན་མས།

ས་གནས་གཞན་ཁ་ལས་འོང་མི་ སློབ་ཕྲུག་ཚུ་ཡང་ སློབ་གྲྭ་འདི་ནང་ལུ་ བཙུགས་དགོཔ་འདྲཝ་ཅིག་འབད་བ་ཅིན་ སློབ་གྲྭ་འདི་ནང་གི་ གཞི་བརྟེན་མཁོ་ཆས་ཡང་ ཐེབས་བཙུགས་དགོ་ནི་ཨིན་མས།

ས་གནས་གཞན་ཚུ་ནང་ལས་ སློབ་ཕྲུག་དེ་སྦེ་འོང་ཡོདཔ་བཟུམ་འབད་ར་ རྫོང་ཁག་འདི་ནང་གི་ སློབ་གྲྭ་ཚུ་ནང་ལས་ སློབ་གྲྭ་འདི་ནང་ལུ་ གནས་སོར་བཏང་ཡོད་མི་ སློབ་ཕྲུག་༣༢༢ཡང་ཡོདཔ་ཨིན་མས།

སློབ་གྲྭའི་དབང་འཛིན་གྱིས་སླབ་མི་ནང་ རྫོང་ཁག་གཞན་ཁ་ལས་ སློབ་གྲྭ་འདི་ནང་ལུ་ འོང་མི་སློབ་ཕྲུག་ཚུ་ བཙུགས་མ་ཚུགས་མི་འདི་ གཙོ་བོ་ར་ སློབ་ཁང་དང་ གཞན་གཞི་བརྟེན་མཁོ་ཆས་ཚུ་ ལངམ་སྦེ་མེད་མི་ལས་བརྟེན་ཏེ་ཨིནམ་སྦེ་བཤད་ཅི།

ཨིན་རུང་ སློབ་གྲྭ་འདི་ནང་ལུ་ས་སྒོ་འཚོལ་བ་འོང་མི་ལ་ལོ་ཅིག་ ཕམ་འདི་ སྤུ་ན་ཁ་ལུ་ གནས་སོར་ཕོག་མི་ལས་བརྟེན་ཏེ་འོང་མི་ཡང་ཡོདཔ་ཨིན་མས།

ཨ་ལོའི་ཕམ་མང་ཤོས་ཅིག་གིས་སླབ་མི་ནང་ སློབ་གྲྭའི་ཁ་ཐུག་ལས་ ཧེ་མ་ལས་ར་ གསལ་བསྒྲགས་འབད་བ་ཅིན་ ལཱ་ཁག་སྦེ་ ས་ཐག་རིང་ས་ལས་ དཀའཝ་དཔྱད་དེ་ མ་འོངམ་འོང་ཟེར་ཨིན་མས།