གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

གོང་འཕེལ་ལས་འགུལ་ཆུང་བ་ ཤོ་ཐེངས་༢་པའི་དོན་ལུ་ མ་དངུལ་གོ་བཀྲམ།

སྤྱི་ཟླ་༢ པའི་ཚེས་ ༢༦ ༢༠༡༥

GoI-GNHC-2ndSDP༉ རྒྱ་གར་གཞུང་གིས་ འབྲུག་གི་ གོང་འཕེལ་ལས་འགུལ་ཆུང་བ་ ཤོ་ཐེངས་གཉིས་པའི་དོན་ལུ་ མ་དངུལ་གོ་རིམ་དང་པ་འདི་ གོ་བཀྲམ་འབད་དེ་ཡོདཔ་ཨིན།

དངུལ་ཀྲམ་ས་ཡ་༣༨༥་གི་ ཤོག་འཛིན་འདི་ཡང་ ཁ་ཙ་ རྒྱ་གར་གཞུང་ཚབ་ཡིག་ཚང་གི་ དོན་གཅོད་གཙོ་འཛིན་འགོམ་གིས་སྦེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་ བསོད་ནམས་དབང་ཕྱུག་ལུ་ རྩིས་སྤྲོད་འབད་ནུག

ལོ་ལྔ་འཆར་གཞི་༡༡་པའི་ནང་ རྒྱ་གར་གཞུང་གིས་ འབྲུག་གི་ གོང་འཕེལ་ལས་འགུལ་ཆུང་བ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༨་དང་༥༠༠་ ཁེས་ལེན་འབད་དེ་ཡོདཔ་ཨིན།

ད་ལྟོ་ཚུན་ཚོད་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༤་དང་༤༥༠་ གནས་པའི་ ལས་འགུལ་ཆུང་བ་ཡོངས་བསྡོམ་༣༠༣་ ཆ་འཇོག་གནང་སྟེ་ཡོདཔ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༩༦༣་ གོ་བཀྲམ་འབད་དེ་འདུག