གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

དབང་འདུས་རྫོང་གསརཔ་གི་ ཀུན་རས་ཀྱི་རྣམ་དག་སྒོ་གསུམ་དང་སྒོ་སྒྲིག་ཚུ་ལྷོང་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༥

NamdaGoSum-WangdueDzong༉ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་དོན་ལས་ ཁ་ཙ་ ཀུན་རས་ཀྱི་རྣམ་དག་སྒོ་གསུམ་དང་ སྒོ་སྒྲིག་ཚུ་ ལྷོང་སྟེ་ཡོདཔ་ཨིན།

ཀུན་རས་ཀྱི་རྣམ་དག་སྒོ་གསུམ་དང་ སྒོ་སྒྲིག་ཚུ་ལྷོང་པའི་སྐབས་ གསུང་ཆོག་ཚུ་ཡང་ གཞུང་གྲྭ་ཚང་གི་སྒྲ་པའི་སློབ་དཔོན་གྱིས་ དབུ་ཞུགས་ཐོག་ལས་གནང་ནུག

དབང་འདུས་ཕོ་བྲང་གི་རྫོང་འདི་ཡང་ སྤྱི་ལོ་༢༠༡༢་ཀྱི་ སྤྱི་ཟླ་༦་པའི་ནང་ལུ་ མེ་མཆོད་བཞེས་ཏེ་ཡོདཔ་ཨིན།

རྫོང་གསར་བཞེངས་ཀྱི་དོན་ལས་ ཧེ་མ་རང་ རྣམ་དག་སྒོ་གསུམ་དང་སྒོ་སྒྲིག་ཚུ་ ལྷོང་དགོཔ་འདི་ ཁག་ཆེཝ་སྦེ་རང་ཡོདཔ་ཨིན་མས།NamdaGoSum-WangdueDzong-

ལས་འགུལ་འཛིན་སྐྱོང་པ་ཀུན་ལེགས་དབང་ཕྱུག་གིས་འབད་བ་ཅིན་ དབང་འདུས་ལུ་ རླུང་མ་ཤུགས་སྦེ་རང་འཕུ་དོ་ཡོདཔ་ལས་ ལཱ་འབད་བའི་སྐབས་ ཐོ་ཕོགཔ་མས་ཟེར་བཤད་ཅི།

ཨིན་རུང་ རྫོང་གསར་བཞེངས་ཀྱི་ལཱ་འདི་ སྤྱི་ལོ་༢༠༡༨་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་མས།

རྫོང་གསརཔ་གི་ དབུ་རྩེ་བཞེངས་ནི་གི་དོན་ལས་ ཅ་ཆས་ཚུ་ ཡུདཔ་ཅིག་ག་ར་ གྲ་སྒྲིག་ཚུད་དེ་ཡོདཔ་ལས་ ལཱ་འདི་ཡང་ མགྱོགས་པ་རང་ འགོ་བཙུགས་ནི་སྦེ་འདུག