གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

གཞུང་སྐྱོང་མཆོག་འགྱུར་འགན་ཡིག་གི་ ལོ་ཕྱེད་བསྐྱར་ཞིབ།

སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༥

Annual Performance Aggrement-Eastern Dzongkhag༉ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་གུ་ལུ་ ལོ་ཕྱེད་བསྐྱར་ཞིབ་ཀྱི་ ཞལ་འཛོམས་འགོ་དང་པ་འདི་ ཁ་ཙ་ མོང་སྒར་ལུ་སྦེ་ ཚོགས་ཏེ་ཡོདཔ་ཨིན།

ཞལ་འཛོམས་ཀྱི་སྐབས་ལུ་ ཤར་ཕྱོགས་རྫོང་ཁག་དྲུག་གི་ རྫོང་བདག་ཚུ་གིས་ བློན་ཆེན་ ཚེ་རིང་སྟོབས་རྒྱས་མཆོག་ལུ་ གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་དང་འཁྲིལ་ཏེ་ ཁོང་རའི་གྲུབ་འབྲས་ཚུ་ གསལ་ཞུ་ཕུལ་ཡི།

ཤར་ཕྱོགས་རྫོང་ཁག་དྲུག་གི་གྲབ་འབྲས་ དེ་སྦེ་ བཏོན་ཏེ་ཡོད་མི་འདི་ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ རྗེས་སུ་ཡིད་རང་ ཡོད་ལུགས་ཚུ་གསུང་གནང་ཡི།

བློན་ཆེན་མཆོག་གིས་འབད་བ་ཅིན་ གཞུང་སྐྱོང་མཆོག་འགྱུར་གྱི་འགན་ཡིག་འདི་ གོང་འཕེལ་གྱི་ལཱ་སྣ་གི་ གྲུབ་འབྲས་ལུ་ གཙོ་བོར་བཏོན་བཞིན་ན་ ཐོ་ཕོག་སྟེ་ཡོད་པ་ཅིན་ འདི་གི་ཐབས་ཤེས་ཚུ་ ག་ཅིག་འདུག་ག་བཏོན་ནི་གི་དོན་ལས་ཨིན་ཟེར་གསུང་ཡི།

གཞུང་སྐྱོང་མཆོག་གྱུར་གྱི་ འགན་ཡིག་གུ་ལུ་མཚན་རྟགས་བཀོད་དེ་ ཟླཝ་དྲུག་དེ་ཅིག་ལས་བརྒལ་མ་འགྱོ་རུང་ རྫོང་ཁག་མང་ཤོས་ཅིག་གིས་རང་ དམིགས་གཏད་བསྐྱེད་དེ་ཡོད་མི་འདི་ གྲུབ་ཚུགས་ཏེ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ གྲུབ་འབྲས་དེ་སྦེ་ བཏོན་ཚུགས་ཚུགས་ རྫོང་ཁག་ཚུ་ནང་ལུ་ འོང་འབབ་བཟོ་ནི་དང་ ལཱ་གཡོག་གི་གོ་སྐབས་ཚུ་བཟོ་ནི་གི་ནང་ལུ་ གདོང་ལེན་ཚུ་ཡང་ སྦོམ་སྦེ་རང་ འབྱུང་ཡོདཔ་སྦེ་བཤད་ཅི།

ད་རུང་ འཐུང་ཆུ་མ་ལང་པའི་དཀའ་ངལ་དང་ མི་དང་རི་དྭགས་སེམས་ཅན་གྱི་བར་ནའི་ འབྲེལ་འཛིང་ དེ་ལས་ འགྲུལ་འཐུས་དང་ ཉིན་འཐུས་མ་ལངས་པའི་ དཀའ་ངལ་ཚུ་ཡང་ གདོང་ལེན་ཅན་ཅིག་སྦེ་རང་སྡོད་ཡོདཔ་སྦེ་ཨིན་མས།

འདི་ལུ་ བློན་ཆེན་མཆོག་གིས་ གཞུང་གི་ཁ་ཐུག་ལས་ ཕྲལ་རང་ རྒྱབ་སྐྱོར་གནང་འོང་ཟེར་་ཨིན་རུང་ གནད་དོན་ལ་ལུ་ཅིག་གུར་ལྷོདཔ་ད་ གསུང་གྲོས་ཞིབ་ཞིབ་སྦེ་རང་ གནང་དགོཔ་ཡོདཔ་སྦེ་གསུང་ནུག