གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

ཐིམ་ཕུག་སྨན་ཁང་ནང་ལུ་ ཨ་ལུ་མིག་གཤེལ་བཙུགས་དགོ་མི་གི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

EyeProbleminChildren༉ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟན་སྨན་ཁང་དང་འཁྲིལ་པ་ཅིན་ འབྲུག་ལུ་ ཨ་ལུ་ཚུ་གིས་ མིག་ཤེལ་བཙུགས་དགོ་མི་ གྱངས་ཁ་འདི་ ཡར་སེང་འགྱོ་དེ་ཟེར་ཨིན་མས།

དེ་ཡང་ དྲུང་འཚོ་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པའི་འཕྲུལ་རིག་དང་ ན་གཞོན་ཚུ་གི་ འཚོ་བའི་གནས་སྟངས་ འགྱུར་བཅོས་འགྱོ་མི་ལུ་བརྟེན་ཏེ་ ཨིནམ་སྦེ་བཤདཔ་ཨིན་མས།

ཉིན་བསྟར་བཞིན་དུ་ར་ སྨན་ཁང་ནང་ མིག་ཏོ་ཞིབ་དཔྱད་འབད་བར་འོང་མི་ ཨ་ལུ་ལེ་ཤཱ་སྦེ་ མཐོངམ་ཨིནམ་ད་ ཁོང་ལ་ལོ་ཅིག་གིས་ མིག་ཏོ་གཡའ་མི་དང་ གཞན་མི་ མང་ཤོས་ཅིག་གི་ར་ མིག་ཏོ་གསལ་ཏོག་ཏོ་སྦེ་ མཐོང་མི་ཚུགས་པས་ཟེར་བཤད་ཅི།

ཐིམ་ཕུག་སྨན་ཁང་ནང་ལས་ ཨ་ལོའི་མིག་ཏོ་གི་ དྲུང་འཚོ་གིས་སླབ་མི་ནང་ འབྲུག་པའི་ཨ་ལོ་ཚུ་ལུ་ མིག་ཏོ་གི་ནད་ ཁྱབ་ཆེ་ཤོས་འདི་ར་ མིག་སན་དང་ མིག་ཏོ་ར་གཡོ་སྦེ་འགྱོ་མི་ དེ་ལས་ མིག་ནད་ཚུ་ ཨིནམ་སྦེ་བཤད་ཅི།

དྲུང་འཚོ་གིས་སླབ་མི་ནང་ ཨ་ལོ་ཚུ་གིས་ མིག་ཏོ་དུས་ཚོད་ཁར་ ཞིབ་དཔྱད་འབད་ནི་འདི་ ཁག་ཆེ་ཟེར་བཤད་ཅི།

མིག་ཤེལ་བཙུགས་དགོ་མི་ ཨ་ལོའི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་འབད་རུང་ དྲུང་འཚོ་ བདེ་ཆེན་གྱིས་སླབ་མི་ནང་ ཨ་ལོ་ཚུ་གིས་ ད་རེས་ནངས་པའི་ འཕྲུལ་རིག་ཚུ་ལག་ལེན་འཐབ་ནི་དང་ ལྷག་ནི་གི་རིགས་ཚུ་ལས་ བཀག་ཆ་འབད་ནི་ མི་འོང་ཟེར་ཨིན་མས། དེ་ཡང་ ནད་གཞི་ཚུ་ དུས་ཚོད་ཁར་ ངོས་འཛིན་འབད་ད་པ་ཅིན་ སྨན་བཅོས་འབད་ཚུགས་ཟེར་ཨིན་མས།