གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ཀྲོང་གསར་ སྟག་རྩེ་འདི་ འཕྲལ་ར་ ཡན་ལག་ཁྲོམ་ཅིག་སྦེ་ གོང་འཕེལ་བཏང་ནི་ཨིན་མི་ལུ་ མི་སེར་ཚུ་ཚ་གྱང་ལང་དོ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༣༠ ༢༠༡༥

Taktse-Thromde༉ ཀྲོང་གསར་རྫོང་ཁག་ བྲག་སྟེང་རྒེད་འོག་ སྟག་རྩེ་འདི་ འཕྲལ་ར་ ཡན་ལག་ཁྲོམ་ཅིག་སྦེ་ གོང་འཕེལ་བཏང་ནི་ཨིན་མས།

གནད་དོན་འདི་ལས་བརྟེན་ ས་གནས་ཀྱི་མི་སེར་ཚུ་ ཁོང་གིས་ས་གཞི་འདི་ཚུ གཞུང་བཞེས་འགྱོ་ནི་མས་མནོ་བའི་ ཚ་གྱང་ལངས་ཏེ་སྦེ་འདུག

འཆར་གཞི་དང་འཁྲིལ་པ་ཅིན་ ཁྲོམ་གསརཔ་གི་ ས་ཁོངས་འདི་ནང་ལུ་ སྒྲིང་ཁྱིམ་༦༥་དེ་ཅིག་ འོང་ནི་སྦེ་ཨིན་མས།

ས་གནས་ཀྱི་ མི་ཚུ་གིས་སླབ་མི་ནང་ གོང་འཕེལ་གྱི་ལཱ་འདི་ལས་བརྟེན་ ཁེ་ཕན་ཚུ་འོང་ནི་ཨིན་རུང་ ཁོང་གིས་ས་ཞིང་འདི་ཚུ་ ལེ་ཤཱ་སྦེ་ གཞུང་ལུ་མི་ཤོར་ག་མནོ་བའི་ཚ་གྱང་ཡོད་ཟེར་ཨིན་མས།

ཨིན་རུང་ ས་གནས་ཀྱི་ མི་རྒན་ཤོས་ཚུ་གིས་འབད་བ་ཅིན་ སྟག་རྩེ་ལུ་ ཁྲོམ་གོང་འཕེལ་བཏང་ནི་གི་ འཆར་གཞི་ཡོད་མི་འདི་ལུ་ སྤྲོ་བ་དང་དངས་སྣང་ཅིག་ མེདཔ་སྦེ་ཨིན་མས།

བྲག་སྟེང་རྒཔོ་ དགེ་ལེགས་ཆོས་འཕེལ་གྱིས་སླབ་མི་ནང་ སྟག་རྩེ་ལུ་ ཁྲོམ་གོང་འཕེལ་བཏང་ནི་གི་ འཆར་གཞི་དེ་ཡང་ ས་གནས་འདི་ཁར་ སྟག་རྩེ་མཐོ་རིམ་གྲྭ་འདི་ ཆགས་པའི་ཤུལ་ལས་ འབྱུང་ཡོདཔ་སྦེ་བཤད་ཅི།

ཁོ་གིས་སླབ་མི་ནང་ ཁྲོམ་གོང་འཕེལ་ འདི་ལས་བརྟེན་ ད་རེས་ སྡོད་ཁྱིམ་མ་ལང་པའི་ དཀའ་ངལ་ཡོད་མི་འདི་ཡང་ སེལ་ཚུགས་ཟེར་ཨིན་མས།

ཨིན་རུང་ ཡན་ལག་ཁྲོམ་འདི་ལས་བརྟེན་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ སློབ་དཔོན་དང་སློབ་ཕྲུག་ དེ་ལས་ ས་གནས་ཀྱི་ མི་སེར་ཚུ་ལུ་ ཕན་ཐོག་འབྱུང་ཚུགས་པའི་ རེ་བ་ཡོདཔ་ཨིན།