གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

པདྨ་དགའ་ཚལ་གྱི་ཚོང་པ་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཚོང་ཁང་གསརཔ་གཅིག་ སྒོ་ཕྱེད་ནི་དཔའ་བཅམ་མི་འདི་ལུ་ ཚ་གྱལ་ལང་སྟེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༤

༉ པདྨ་དགའ་ཚལ་གྱི་ཚོང་པ་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཁྲོམ་ཁ་ལུ་ ཚོང་ཁང་གསརཔ་གཅིག་ སྒོ་ཕྱེད་ནི་དཔའ་བཅམ་མི་འདི་ལུ་ ཚ་གྱལ་ལང་སྟེ་སྦེ་འདུག

འདི་ཡང་ ཁོང་ཚོང་རྐྱབ་སྡོད་མི་ཚུ་གིས་སླབ་མི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཁ་ཐུག་ལས་ འདི་བཟུམ་གྱི་ཚོང་ཁང་ཅིག་སྒོ་ཕྱེ་བ་ཅིན་ ཁོང་གི་ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་རང་ཕོག་ནི་ཨིན་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ ཁོང་ཚོང་པ་ཚུ་གིས་སླབ་མི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་འདི་ གཞན་མི་ཚོང་ཁང་ཚུ་དང་ཕྱདཔ་ད་ ཚོང་འབྲེལ་ལེགས་ཤོམ་སྦེ་རང་ འཐབ་ཚུགས་ཏེ་ཡོདཔ་མ་ཚད་ ཁོང་དང་ཕྱདཔ་ད་ལུ་ ཚོང་ཚུ་ཡང་ གོང་ཚད་ རན་ཏོག་ཏོ་སྦེ་རང་ བཙོང་ཚུགས་ཟེར་བཤད་ཅི།

འདི་འབདཝ་ལས་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཚོང་ཁང་དང་ རྩ་ལས་རང་ དོ་འགྲན་འབད་མི་ཚུགས་ནི་ཨིནམ་ལས་ ཚོང་ཁང་སྒོ་སྡམ་ནི་ལུ་ཡང་ ཐུག་ནི་གི་ཉེན་ཁག་ཡོད་ཟེར་ཨིན་མས།

ཨིན་རུང་ སྤྱིར་བཏང་མི་ཚུ་གིས་སླབ་མི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ བསིལ་ཚོང་གི་དོན་ལུ་ ཚོང་ཁང་དེ་སྦེ་སྒོ་ཕྱེ་ནི་ཨིན་མི་འདི་གིས་ མི་སེར་ཚུ་ལུ་ ཁེ་ཕན་སྦོམ་སྦེ་རང་འབྱུང་འོང་ཟེར་བཤད་ཅི།

ཁོང་ཚོང་རྐྱབ་སྡོད་མི་ཚུ་གིས་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཚོང་ཁང་འདི་ སྒོ་ཕྱི་མ་བཅུག་པར་བཞག་དགོ་པའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་འབད་དེ་སྦེ་འདུག

ཨིན་རུང་ རྫོང་ཁག་བདག་སྐྱོང་གིས་སླབ་མི་ནང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཚོང་ཁང་དེ་སྦེ་ སྒོ་ཕྱེ་ནི་སྦེ་ཡོད་མི་འདི་ ལྷན་ཁག་གི་བཀའ་རྒྱ་ཅིག་འབདཝ་ལས་ འབད་ཐབས་ཅིག་ ག་ནི་ཡང་མེད་ཟེར་ཨིན་མས།