གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

གཞལ་སྒང་ལུ་ གཡུས་ཚན་མང་ཤོས་ཅིག་ནང་རང་ པད་དཀར་གྱི་ལཱ་མི་འབད་དོ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༤

The-decline-of-pressing-mustard-oil-traditionally༉ གཞལམ་སྒང་རྫོང་ཁག་ནང་ལུ་ ཧེ་མ་འབད་བ་ཅིན་ གཡུས་ཁའི་མི་མང་ཤོས་ཅིག་གི་ར་ ཚོད་མའི་མར་ཁུ་གི་དོན་ལས་ པད་དཀར་གྱི་ལཱ་འདི་ར་ འབད་སྲོལ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ འདི་བཟུམ་གྱི་ལཱ་འབད་མི་འདི་ མར་ཕབ་འགྱོ་སྟེ་སྦེ་འདུག

འདི་ཡང་ ད་རེས་ནངས་པར་ ཕྱི་ལས་ནང་འདྲེན་འབད་ཡོད་པའི་ པད་དཀར་མར་ཁུ་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ཁར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་སྐྱེལ་དོ་ཡོད་མི་ལས་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ ད་རེས་ནངས་པ་ གཞལམ་སྒང་རྫོང་ཁག་ནང་ལུ་ པད་དཀར་གྱི་ལཱ་འབད་མི་འདི་ སྐྱིད་མཁར་གཡུས་ཚན་གྱི་ མི་སེར་ཚུ་རྐྱངམ་ཅིག་མཐོང་ཚུགསཔ་ཨིན་མས།The-decline-of-pressing-mustard-oil-traditionally-

ཨིན་རུང་ འདི་ནང་གི་མི་སེར་ཚུ་གིས་ཡང་ པད་དཀར་འདི་ ཚོང་འབྲེལ་གྱི་དོན་ལས་མེན་པར་ ཁོང་ར་བཟའ་སྤྱོད་འབད་ནི་གི་དོན་ལས་རྐྱངམ་ཅིག་ ལཱ་འབད་དེ་སྦེ་འདུག

སྐྱིད་མཁར་གྱི་མི་སེར་ཚུ་གིས་སླབ་མི་ནང་ པད་དཀར་འདི་ ས་ཁ་མཐོ་ས་རྐྱངམ་ཅིག་སྐྱེས་དོ་ཡོདཔ་ལས་ གནམ་དགུན་ལུ་ འདི་བཟུམ་གྱི་ལཱ་འབད་ནི་འདི་ ལཱ་ཁག་འདུག་ཟེར་ཨིན་མས།

སྐྱིད་མཁར་འདི་ གཞལམ་སྒང་རྫོང་ཁག་ ནང་འཁོར་རྒེད་འོག་གི་ གཡུས་ཚན་ཅིག་ཨིནམ་དང་ གཡུས་ཚན་འདི་ནང་ལུ་ ཁྱིམ་གུང་པ་༤༥དེ་ཅིག་འདུག