གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

སློབ་རིམ་༡༢་པའི་ཨིང་ལིཤ་༢་པའི་ལན་ཤོག་འདི་ ཞིབ་དཔྱད་མ་འབད་བར་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༤

Class-XII-paper༉ རྒྱལ་ཁབ་ནང་འཁོད་ཀྱི་འབྲིང་རིམ་སློབ་གྲྭ་གོང་མ་དང་བར་མ་ཚུ་གི་ བཀོག་ཚོགས་ཆོས་རྒྱུགས་ཀྱི་ ལེན་ཤོག་ཚུ་ ཕུན་ཚོགས་གླིང་ལུ་སྦེ་ ཞིབ་དཔྱད་འབད་བའི་བསྒང་ར་ཡོདཔ་ཨིན།

གནས་ཚུལ་བྱུང་ཁུངས་གཅིག་དང་འཁྲིལཝ་ད་ སློབ་རིམ་༡༢་པའི་ ཨིང་ལིཤ་གི་དྲི་ཤོག་༢་པ་འདི་ ཆོས་རྒྱུགས་མ་བརྐྱབ་པའི་ཧེ་མ་ལས་ སློབ་ཕྲུག་ཚུ་གི་ནང་འཁོད་ དར་ཁྱབ་འགྱོ་ཡོད་པའི་ སྙན་ཞུ་འཐོན་པའི་ཤུལ་ལུ་ ཨིང་ལིཤ་གི་དྲི་ཤོག་༢་པའི་ ལེན་ཤོག་ཚུ་ དབྱེ་ཞིབ་འབད་ནི་ འགོ་མ་བཙུགས་པར་འདུག་ཟེར་ཨིན་མས།

སྙན་ཞུ་འཐོབ་མི་དང་འཁྲིལཝ་ད་ ཨིང་ལིཤ་༢་པའི་ ལེན་ཤོག་ཚུ་ དབྱེ་ཞིབ་འབད་ནི་གི་དོན་ལུ་འཛོམས་ཡོད་མི་ སློབ་དཔོན་ཚུ་ ཨིང་ལིཤ་དྲི་ཤོག་དང་པའི་ ལེན་ཤོག་ཚུ་ དབྱེ་ཞིབ་འབད་བཅུག་ཏེ་འདུག་ཟེར་ཨིན་མས།

ཤེས་རིག་ལྷན་ཁག་གིས་བཀོད་མི་ནང་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་རྟགས་ཞིབ་ཚོགས་སྡེ་གི་ བཀོད་ཚོགས་ཀྱི་ཞལ་འཛོམས་འདི་ སང་ཕོད་སྤྱི་ཟླ་དང་པའི་ བདུན་ཕྲག་དང་པ་ནང་ ཚོགས་འོང་ཟེར་ཨིནམ་ད་ དེ་བསྒང་ དྲི་ཤོག་དར་ཁྱབ་འགྱོ་མི་གི་སྐོར་ལས་ གྲོས་བསྡུར་འབད་དེ་ ག་ཅི་ར་འབད་ནི་ཨིན་ན་ཚུ་ ཐག་བཅད་འོང་ཟེར་ཨིན་མས།