རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༩ ཟླ་༧ པའི་སྤྱི་ཚེས་༢༢

རྩེད༌རིགས།

ཊེ་བལ་ཀྲེ་ནིསི་གི་འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་མི་ཚུ་ཡར་སེང་།

༉ དུས་ཅི་ རྒྱལ་ཡོངས་ཊེ་བལ་ཀྲེ་ནིསི་ཟེར་མི་ ཅོག་རིལ་གི་འགྲན་བསྡུར་ནང་ལུ་ མི་༧༠དེ་ཅིག་གིས་ བཅའ་མར་གཏོགས་མི་འདི་ ད་ལྟོ་ཚུན་ཚོད་ མཐོ་ཤོས་ཅིག་ཨིན་མས།

བསམ་གྲུབ་ལྗོངས་མཁར་ལུ་ རང་ལུགས་ཀྱི་མདའ་རྩེད་འགྲན་བསྡུར།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་རྒེད་འོག་ནང་ལུ་ རང་ལུགས་ཀྱི་མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་མི་ནང་ལས་ གསེར་མདའ་ཟེར་མི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

འབྲུག་དབང་རྒྱལ་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ བྷུ་དཱིས་ཨརཊ་གིས་ རྒྱལ་ཁ་ཐོབ་ཡོདཔ།

༉ ཐིམ་ཕུག་ ལྕང་གླིང་མའི་ཐང་ནང་ལུ་སྦེ་འགོ་འདྲེན་འཐབ་སྟེ་ཡོད་མི་ འབྲུག་དབང་རྒྱལ་རྒྱལ་ཡོངས་མདའ་རྩེད་འགྲན་བསྡུར་ནང་ལས་ དུས་ཅི་ བྷུ་དཱིས་ཨརཊ་ཟེར་མི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།

ཕུན་ཚོགས་གླིང་ཁྲོམ་ཁ་ལུ་ རྩེད་རིགས་ཀྱི་ སྒྲིང་ཁྱིམ་རྐྱབ་ཚར་ཏེ་ཡོདཔ།

༉ ཕུན་ཚོགས་གླིང་ཁྲོམ་ཁ་ལུ་ ད་རེས་ འགོ་དང་པ་ཅིག་ཨིན་མི་ སྒྲིང་ཁྱིམ་གྱི་ནང་ན་སྦེ་རྩེ་མི་ རྩེདམོ་གི་མཐུན་རྐྱེན་ཐོབ་ནི་དོན་ལས་ ལོ་ལེ་ཤ་འགྱོ་བའི་ཤུལ་ལུ་ ད་རེས་ གྲ་སྒྲིག་ཚུད་དེ་སྦེ་འདུག

པདྨ་དགའ་ཚལ་ལུ་ རང་ལུགས་ཀྱི་མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར།

༉ པདྨ་དགའ་ཚལ་ལུ་ རང་ལུགས་ཀྱི་མདའ་གཞུའི་ཐོག་ལས་ མདའ་རྩེད་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་ རི་ཆང་ལུ་ཟེར་མི་སྡེ་ཚན་གྱིས་ རྒྱལ་ཁ་འཐོབ་ཅི།

རྡོ་རྗེ་སྒྲོལ་མ་གིས་ མདའ་རྩེད་འགྲན་བསྡུར་ཅིག་ནང་ལུ་ གྲལ་ཁར་གཏོགས་དོ་ཡོདཔ།

༉ ཨམ་སྲུ་ཚུ་གིས་ ཕོ་རྒས་ཚུ་དང་དབྱེ་བ་མེད་པར་ ཁུ་རུ་གི་འགྲན་བསྡུར་ཚུ་ནང་ལུ་ བཅའ་མར་གཏོགས་དོ་ཡོདཔ་ཨིན་རུང་ གཞན་མི་ རང་ལུགས་ཀྱི་རྩེད་རིགས་ཚུགས་ནང་ལུ་ བཅའ་མར་གཏོགས་མི་མེདཔ་ཨིན།

ཐིམ་ཕུག་ལུ་ བཤུད་འཁོར་གྱི་རྩེད་ཐང་ཅིག་ འགོ་འབྱེད་འབད་ཡོདཔ།

༉ ཐིམ་ཕུག་ སྦས་བི་ནང་ལུ་སྦེ་རྐྱབ་སྟེ་ཡོད་མི་ ཨིསི་ཀིཊ་བོཊ་ཟེར་མི་ བཤུད་འཁོར་གྱི་རྩེད་ཐང་གསརཔ་འདི་ ད་རིས་ འགོ་འབྱེད་འབད་དེ་ཡོད་ལས་ ད་ལས་ཕར་ འབྲུག་པའི་ན་གཞོན་ཚུ་གིས་ རྩེད་ཐང་ངོ་མ་ནང་ལུ་ རྩེདམོ་འདི་ རྩེ་ཚུགས་ནི་ཨིན་མས

བང་རྒྱུག་ནང་ལུ་ མི་སྟོང་ཕྲག་ཕྱེད་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཡོདཔ།

༉ ཁ་ཉིནམ་ པདྨ་དགའ་རྫོང་ཁག་གིས་ འགོ་དཔོན་ཚུ་གིས་ བང་རྒྱུག་འགྲན་བསྡུར་ཅིག་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་དང་རྒྱ་གར་རྒྱལ་ཁབ་ལས་ མི་སྟོང་ཕྲག་ཕྱེད་ལྷགཔ་ཅིག་གིས་ བཅའ་མར་གཏོགས་ནུག

དུས་ཅི་ལོའི་ འབྲུག་གི་དངུལ་ཁང་གི་རྐང་རྩེད་འགྲན་བསྡུར་ འཇུག་བསྡུ་ཡོདཔ།

༉ འབྲུག་གི་དངུལ་ཁང་གི་ རྐང་རྩེད་འགྲན་བསྡུར་ནང་ལས་ དུས་ཅི་ཡང་ ཀྲནས་པོད་ཡུ་ནའི་ཏེད་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ནུག

འབྲུག་པའི་སྡེ་ཚན་འདི་ ལྷོ་ཨེ་ཤི་ཡན་སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་རྫོགས་ཡོདཔ།

༉ འབྲུག་པའི་སྡེ་ཚན་འདི་ ད་རིས་ རྒྱ་གར་ལས་ ཕམ་སོང་མི་ལུ་བརྟེན་ ལྷོ་ཨེ་ཤི་ཡན་ སྐྱེ་ལོ་༡༥མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་ནང་ལུ་ དོ་འགྲན་འབད་ནི་གི་གོ་སྐབས་འདི་ ནེ་ཅིག་སྦེ་ རྫོགསཔ་ཨིན་མས།