རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

གནས་ཚུལ་གཞན།

གནམ་བྱཱར་གྱི་དུས་ཚོད་ཁར་ འཐུང་ཆུ་གི་དཀའ་ངལ་ཡོདཔ།

༉ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་རྒེད་འོག་ ཝའི་ཅུར་ལུ་སྡོད་མི་ཚུ་ གནམ་བྱཱར་གྱི་དུས་ཚོད་ཁར་ འཐུང་ཆུ་གཙང་ཏོག་ཏོ་དང་ ལངམ་སྦེ་ཐོབ་མ་ཚུགས་པའི་ དཀའ་ངལ་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན་མས།

ནད་ཡམས་འཐོབ་མིའི་གྱངས་ཁ་༩༥་ལུ་ལྷོད་ཡོདཔ།

༉ མི་དྲཱལ་ཨིསཀྲི་ལས་ ལོག་སྟེ་འོང་མི་ ལོ་༢༤་ལང་མི་ཕོ་སྐྱེ་གཅིག་དང་ ལོ་༢༦་ལང་མི་ཨམ་སྲུ་གཅིག་ལུ་ ཁ་ཙ་ ནད་ཡམས་ ཀོ་ཝིཌ-19 འཐོབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབད་ནུག

བསམ་རྩེ་ལུ་ ཟུར་བཞག་དང་གཡུས་སྲུང་གི་གནས་སྟངས།

༉ བསམ་རྩེ་ལུ་ བསམ་རྩེ་རྒེད་འོག་ ཚོང་འཛོམས་གཡུས་མཚན་ནང་ལུ་ མི་འདི་ཚུ་ཕར་ཚུར་ རྒྱུན་འགྲུལ་འཐབ་ནི་བཀག་ཆ་འབད་དེ་ གཡུས་སྲུང་སྦེ་བཞག་སྟེ་ཡོད་མི་འདི་ ད་རིས་ལས་ ཆ་མེད་བཏང་ནུག

སོ་ནམ་གྱི་དཔལ་འབྱོར་འབྱུང་རིམ་འཆར་གཞི་འོག་ལུ་ ས་གནས་གཞུང་གི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠༠ཡོདཔ།

༉ ས་གནས་གཞུང་གིས་ ད་ལས་ཕར་ ཅིག་འདི་ སོ་ནམ་གྱི་དཔལ་འབྱོར་འབྱུང་རིམ་འཆར་གཞི་གུ་ལུ་ བརྩོན་ཤུགས་སྐྱེད་ནི་ཨིནམ་ད་ འཆར་གཞི་འདི་དང་འཁྲིལབ་ཅིན་ ས་གནས་གཞུང་གིས་ ལོ་ལྔ་འཆར་གཞི་༡༢པའི་འཆར་དངུལ་གུ་ལུ་ ད་རུང་རང་ གནང་འབྱིན་གྱི་མ་དངུལ་ དངུལ་ཀྲམ་ས་ཡ་༢༠༠ཐོབ་ནི་ཨིན་མས།

ནད་ཡམས་ལས་བརྟེན་ཏེ་ ཤིང་བཟོ་བོ་ཚུ་ལུ་ གོ་སྐབས་ལེགས་ཤོམ་ཐོབ་སྟེ་ཡོདཔ།

༉ རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་འཐོན་པའི་ཤུལ་མ་ ས་མཚམས་འཛུལ་སྒོ་ཚུ་ སྒོ་བསྡམ་བཞག་མི་དང་ ཕྱིའི་ལས་མི་ཚུ་ འོང་ཐ་མ་ཆོགཔ་སྦེ་བཟོ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ཤིང་བཟོ་བོ་ཚུ་གི་དོན་ལུ་ གོ་སྐབས་བཟང་པོ་ཅིག་སྦེ་འཐོན་ཏེ་འདུག

ཐང་མགུ་དང་ཝང་ཇོ་ཁ་གི་ཞིང་ཆུའི་གཡུར་བ་གི་ཚབ་ལུ་ ཆུ་དུང་བཙུགས་ནི་གི་འཆར་གཞི།

༉ དབང་འདུས་ཕོ་བྲང་ ཐེད་ཚོ་རྒེད་འོག་གི་ ཐང་མགུ་དང་ཝང་ཇོ་ཁ་གི་དོན་ལུ་ཡོད་པའི་ ཞིང་ཆུའི་གཡུར་བ་འདི་ འཆར་གཞི་དང་འཁྲིལ་ཏེ་རང་འགྱོ་བཏུབ་པ་ཅིན་ ཆུ་དུང་བཙུགས་ཞིན་ན་ ལེགས་བཅོས་འབད་ནི་སྦེ་འདུག

མགྲོན་སྐྱོང་དང་ཐུགས་སྤྲོའི་ཟད་འགྲོ་གི་དོན་ལུ་ ལམ་སྟོན་ཅིག་དགོཔ།

༉ རྒྱལ་ཁབ་ནང་ལུ་ མགྲོན་སྐྱོང་དང་ཐུགས་སྤྲོའི་ཟད་འགྲོ་གི་དོན་ལུ་ གཞི་རྩ་དང་གོ་སྐབས་ དེ་ལས་ དགོས་དོན་ཚུ་ གསལ་བཀོད་འབད་དེ་ཡོད་པའི ལམ་སྟོན་ཅིག་དགོཔ་འདུག་ཟེར་ཨིན་མས།

དངུལ་འབྲེལ་ལས་ཁང་ལྔ་གི་ནང་ལུ་ དངུལ་ཀྲམ་ས་ཡ་༢༩༤ལྷགཔ་ཅིག་ རྩིས་ཆད་འབྱུང་སྟེ་ཡོདཔ།

༉ སྤྱི་ལོ་༢༠༡༩ལུ་ རྒྱལ་ཁབ་ནང་གི་ དངུལ་འབྲེལ་ལས་ཁང་ལྔ་གི་ནང་ལུ་ དངུལ་ཀྲམ་ས་ཡ་༢༩༤ལྷགཔ་ཅིག་ རྩིས་ཆད་འབྱུང་སྟེ་ཡོདཔ་ཨིན་མས།

པདྨ་དགའ་ཚལ་ལུ་ ལོ་ཐོག་གི་ཉེན་བཅོལ་འདི་ ཕན་ཐོགས་ཅན་ཅིག་ལུ་འགྱུར་ཏེ་ཡོདཔ།

༉ པདྨ་དགའ་ཚལ་ ནོར་བུ་སྒང་རྒེད་འོག་གི་ ནོར་བུ་སྒང་རིན་ཆེན་ཟོར་སྤྱི་འོག་ནང་ལུ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེཝ་ཐོན་ཏེ་ར་ཡོད་མི་འདི་སེལ་ནིའི་དོན་ལུ་ ལོ་ཐོག་གི་ཉེན་བཅོལ་འབད་མི་འདི་ ད་རེས་ ཕན་ཐོགས་ཅན་ཅིག་ལུ་འགྱུར་ཏེ་འདུག

དཀྱུས་མ་ཀུན་བཟང་རྡོ་རྗེ་ལུ་ དྲག་པོའི་འཁོར་ལོ་དང་ ཨཱན་ཇཱན་རའི་དང་བཀྲིས་དབང་ཕྱུག་ལུ་ རྒྱལ་ཡོངས་ཟེངས་ཐོན་དངུལ་གྱི་རྟགས་མ་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་སྲུང་དམག་མི་ དཀྱུས་མ་ཀུན་བཟང་རྡོ་རྗེ་ལུ་ དྲག་པོའི་འཁོར་ལོ་དང་ ས་བརྐོ་ནི་གི་འཕྲུལ་ཆས་བཏང་མི་ ཨཱན་ཇཱན་རའི་དང་ བཀྲིས་དབང་ཕྱུག་ལུ་ རྒྱལ་ཡོངས་ཟེངས་ཐོན་དངུལ་གྱི་རྟགས་མ་ གནང་ཡི།