རྫོང་ཁ། | ཨིང་ལིཤ། གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

མི་སྡེ།

ཀྲོང་གསར་བྲག་སྟེང་རྒེད་འོག་གི་མི་སེར་ཚུ་ རྒུད་འཐུས་འཐོབ་ནི་གི་དོན་ལས་ དུས་ཚོད་འགོར་ནི་ཨིནམ།

༉ ཀྲོང་གསར་ བྲག་སྟེང་རྒེད་འོག་ནང་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་རྒྱབ་འགལ་ལུ་ ཉོག་བཤད་ཡི་གུ་བཙུགས་མི་ཚུ་གིས་ ཁོང་གི་ རྒུད་འཐུས་འདི་ ལོག་སྟེ་བསྐྱར་ཞིབ་འབད་དེ་ ཐོབ་ནི་གི་དོན་ལས་ ད་རུང་ དུས་ཚོད་དུམ་གྲ་ཅིག་འགོར་ནི་ཨིན་མས།

ཀླུ་རྨང་རྒེད་འོག་ནང་ལུ་ གུང་སྟོང་བཞག་མི་ཚུ་གིས་ ལོ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་༣་རེ་ སྤྲོད་དགོཔ།

༉ བཀྲིས་སྒང་ ཀླུ་རྨང་རྒེད་འོག་ནང་ལུ་ གུང་སྟོང་ཡོད་མི་ ཇོ་བདག་ཚུ་གིས་ ད་ལས་ཕར་ རྒེད་འོག་ནང་ལུ་ ལོ་རེ་ནང་ དངུལ་ཀྲམ་སྟོང་ཕྲག་༣་རེ་ སྤྲོད་དགོ་ནི་ཨིན་མས།

པདྨ་དགའ་ཚལ་ མིག་ཀུ་རི་ལུ་ འཁོར་ལམ་ལྷོད་དེ་ཡོདཔ་ལས་ ཕན་ཐོག་བྱུང་སྟེ་ཡོདཔ།

༉ པདྨ་དགའ་ཚལ་རྫོང་ཁག་ གདུང་སྨད་རྒེད་འོག་ མིག་ཀུ་རི་གཡུས་ཚན་ནང་ལུ་ འཁོར་ལམ་ལྷོད་དེ་ཡོད་མི་ལུ་བརྟེན་ གཡུས་འདི་ནང་ལུ་ གོང་འཕེལ་གྱི་འགྱུར་བ་ཚུ་ འབག་ཚུགས་ཏེ་འདུག

སྤམ་ལུ་ ད་ལྟོའི་བར་ན་ཡང་ འཐུང་ཆུ་ལངམ་སྦེ་མེདཔ།

༉ བཀྲིས་སྒང་རྫོང་ཁག་ བསམ་མཁར་རྒེད་འོག་གི་ སྤམ་གཡུས་ཚན་གྱི་མི་ཚུ་གིས་ དུས་ཅི་ ཉེན་སྲུང་དང་ལྡན་པའི་འཐུང་ཆུ་འདི་ དཀའ་ངལ་རང་མེདཔ་སྦེ་ ཐོབ་ཚུགས་པའི་རེ་བ་བསྐྱེད་དེ་འདུག

མི་དམངས་སྐྱེལ་འདྲེན་བཱས་བཞག་སའི་ས་སྒོ་གསརཔ་རྐྱབ་ནི་གི་གདོང་ལེན།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ སྤྱི་ལོ་༢༠༠༤་ལུ་ ཨོ་ལ་ཁ་ལུ་ མི་དམངས་སྐྱེལ་འདྲེན་བཱས་བཞག་སའི་ མཐུན་རྐྱེན་གསརཔ་ཅིག་རྐྱབ་ནི་གི་འཆར་གཞི་བརྩམ་སྟེ་ཡོད་རུང་ ས་ཆའི་ཐད་ཁར་ ཇོ་བདག་ཚུ་དང་ཅིག་ཁར་ ཁ་འཆམ་མ་ཚུགས་ནི་འདི་གིས་ འབད་མ་ཚུགས་པར་འདུག

གཞལ་སྒང་རྫོང་ཁག་ནང་ལུ་ མི་དམངས་བསྐྱེལ་འདྲེན་གྱི་ཞབས་ཏོག་ མེད་མི་ལུ་བརྟེན་ མི་ཚུ་ལུ་དཀའ་ངལ་འཐོན་ཏེ་ཡོདཔ།

༉ ད་རེས་ རྒྱལ་ཁབ་ནང་ལུ་ གླ་འཁོར་དང་བཱསི་གི་ ཞབས་ཏོག་ལེགས་ཤོམ་སྦེ་མེད་མི་ རྫོང་ཁག་ཚུ་གི་གྲལ་ལས་གཅིག་ གཞལ་སྒང་ཨིན་མས།

རི་བོ་ཏ་ལ་གཡུས་ཚན་འདི་ ད་ལྟོ་ཡང་ མཐའ་ཟུར་གཡུས་ཚན་འབད་རང་ལུས་ཏེ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ གླང་མཐིལ་རྒེད་འོག་གི་ རི་བོ་ཏ་ལ་གཡུས་ཚན་ནང་ལུ་ ད་ལྟོའི་བར་ན་ཡང་ འཁོར་ལམ་དང་གློག་མེ་ དེ་ལས་ གསོ་བའི་མཐུན་རྐྱེན་ཚུ་ ག་ནི་ཡང་མེད་པར་འདུག

དཔལ་རི་ཐང་ཁ་སྨད་ཀྱི་མི་སེར་ཚུ་ ད་རེས་ནངས་པར་ ལོ་ཐོག་སྲུང་དགོཔ་ཐོན་ཡོདཔ།

༉ གསར་སྤང་རྫོང་ཁག་ དགེ་ལེགས་ཕུག་རྒེད་འོག་གི་ དཔལ་རི་ཐང་ཁ་སྨད་ཀྱི་མི་སེར་ཚུ་ ཧེ་མ་བཟུམ་མེན་པར་ ད་རེས་ནངས་པར་ རི་དྭགས་གླངམ་ཆེ་ལས་ ལོ་ཐོག་ཚུ་ སྲུང་དགོཔ་ཐོན་ཏེ་སྦེ་འདུག

ཙ་ཀ་གླིང་གི་མི་སེར་ཚུ་གི་འཚོ་བའི་གནས་སྟངས་ལེགས་ཤོམ་འགྱོ་ཡོདཔ།

༉ རྩི་རང་རྫོང་ཁག་ སྤ་ཚ་གླིང་རྒེད་འོག་ ཙ་ཀ་གླིང་གཡུས་ཚན་ནང་ལུ་ ཁྱིམ་གུང་༣༢་ཡོད་མི་ཚུ་ མང་ཤོས་ཅིག་ར་ ལོ་༡༠་དེ་ཅིག་གི་ཧེ་མ་ གཞི་གསར་སྦེ་འོང་མི་ཚུ་ཨིན་མས།

སྐོར་ཕུག་རྒེད་འོག་གི་འཁོར་ལམ་རྩི་གནག་བཏང་ནི།

༉ ཀྲོང་གསར་རྫོང་ཁག་ སྐོར་ཕུག་རྒེད་འོག་གི་འཁོར་ལམ་རྩི་གནག་བཏང་ནི་གི་ལཱ་འདི་ གྲུབ་འབྲས་དེ་ཅིག་རང་བཏོན་མ་ཚུགས་པར་ཡོདཔ་ལས་ མི་སེར་ཚུ་ ཚ་གྱལ་ལང་དགོཔ་ཐོན་ཏེ་འདུག