རྫོང་ཁ། | ཨིང་ལིཤ། གཟའ་མིག་དམར། ༢༠༡༩ ཟླ་༡༠ པའི་སྤྱི་ཚེས་༡༤

མཐའ་འཁོར།

ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་གི་སྒྲིག་གཞི་འདི་ འཕྲི་སྣོན་འབད་དགོ་པའི་རྒྱབ་སྣོན།

༉ ཕྱགས་སྙིགས་འཛིན་སྐྱོང་གི་ ལམ་ལུགས་འདི་ བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་གིས་བཀོད་མི་ནང་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་གི་སྒྲིག་གཞི་ ༢༠༡༢ཅན་མ་འདི་ འཕྲི་སྣོན་འབད་དགོཔ་འདུག་ཟེར་ཨིན་མས།

འབྲུག་མི་ཚུ་གིས་ ཉོ་སྤྱོད་ཀྱི་སྤྱོད་ལམ་བསྒྱུར་བཅོས།

༉ རྒྱལ་ཁབ་ནང་ལུ་ སྲིད་བྱུས་བཟོ་ད་དང་ གྲོས་ཐག་ཚུ་གཅོད་པའི་སྐབས་ ཡུན་བརྟན་གོང་འཕེལ་དང་ འཐོན་སྐྱེད་འདི་ཚུ་ གཅིག་སྒྲིལ་བཟོ་ནི་དོ་ལས་ ཉིན་གྲངས་གསུམ་གྱི་ ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།

གཏེར་རྫས་གོང་འཕེལ་གྱི་སྲིད་བྱུས་ཅིག་ ཟིན་འབྲི་ལག་ལེན་འཐབ་མ་ཚུགས་པར་ཡོདཔ།

༉ གཞུང་གི་ གཏེར་རྫས་གོང་འཕེལ་གྱི་སྲིད་བྱུས་ཅིག་ ཟིན་བྲིས་བཏབ་སྟེ་ ལོ་དྲུག་དེ་ཅིག་ ལངས་སྟེ་འབད་རུང་ ད་ལྟོ་བར་ན་ཡང་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ཨིན་མས།

རྫོང་ཁག་ཚུ་གིས་ཡང་མཐའ་འཁོར་གནས་སྟངས་ཀྱི་སྙན་ཞུ་བཟོ་དགོཔ།

༉ རྒྱལ་ཁབ་ནང་ལུ་ མཐའ་འཁོར་གྱི་གནད་དོན་ཚུ་གི་གྲལ་ལས་ གཙོ་བོ་འདི་ར་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་དང་ སོ་ནམ་དང་ ནགས་ཚལ་གྱི་ས་ཆ་དེ་ཚུ་ མེདཔ་བཏང་མི་འདི་ཨིན་མས།

སྤྱི་ལོ་༢༠༡༣ལས་༢༠༡༤གི་བར་ན་ རྒྱལ་ཁབ་ནང་ལུ་ ནགས་ཚལ་མེ་རྐྱེན་ ཁག་༦༤དེ་ཅིག་བྱུང་ཡོདཔ།

༉ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ཀྱིས་བཀོད་མི་ནང་ སྤྱི་ལོ་༢༠༡༣ལས་༢༠༡༤གི་བར་ན་ རྒྱལ་ཁབ་ནང་ལུ་ ནགས་ཚལ་མེ་རྐྱེན་ ཁག་༦༤དེ་ཅིག་བྱུང་ཡོདཔ་སྦེ་ཨིན་མས།

ཕྱགས་འཛིན་སྐྱོང་འདི་ གདོང་ལེན་ཅན་ཅིག་སྦེ་ཡོདཔ་ཨིན།

༉ རྒྱལ་ཁབ་ནང་ལུ་ མི་སྡེ་གི་འགོ་འདྲེན་ཐོག་ལས་ ཕྱགས་འཛིན་གྱི་ལས་རིམ་འདི་ འགོ་ཐོག་དང་པ་ར་ སྒང་སྟེང་དང་ཕོབ་སྦྱིས་ཁ་ ལུང་གཤོང་ནང་ལུ་ འགོ་བཙུགས་ཏེ་ཡོདཔ་ཨིན།