རྫོང་ཁ། | ཨིང་ལིཤ། གཟའ་ཕུར་བུ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༢༧

གཟའ་སྐར།

སྤྱི་ཚེས་༡༩/༡༠/༢༠༢༡

རེས་གཟའ་ ལྷག་པ། ལྕགས་གླང་ཟླཝ་ ༩ པའི་ཚེས་ ༡༤དང་ ཕྱི་དྲོ་ཆུ་ཚོད་༤ལས་ཚེས་༡༥།

སྐར་མ་ ཁྲུམས་སྨད་

ཉིནམ་  ལྕགས་ཡོས་

རྟེན་འབྲེལ་  སྲེད་པ་

འཕྲོད་སྦྱོར་      ཆུ་གཉིས་ཕྲད་པ།

འབད་བཏུབ་ འདི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཁར་ བཅུ་བཞི་མགོན་པོའི་དུས་ཡང་ཕོགཔ་ལས། ཆོས་སྐྱོང་མགོན་པོ་ལྕམ་དྲལ་ཚུ་ལུ་ མགོན་པོའི་སྟོང་ཚོགས་ཕུལ་ནི་དང་ རྟེན་གསུམ་གསར་བཞེང་ནི་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གོ་གནས་གསརཔ་བསྐོས་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ སྡོད་གནས་སྤོ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ གོང་མའི་ཞབས་སར་བཅར་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།

འབད་མ་བཏུབ་ ས་ཐག་རིང་སར་ལམ་འགྲུལ་འབད་ནི་དང་ དམག་དཔོན་གསརཔ་བསྐོས་ནི་ དམག་སྦྱོང་འགོ་བཙུགས་ནི་ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་    ཉི་མ་ཆུ་ཚོད་ ༡༢ ལས་ ༠༡ ཚུན་བཟང་།

བགེགས་ཀྱི་རྒྱུ་ལམ་   ཤར་དང་ ཕྱི་དྲོ་ཆུ་ཚོད་༤ལས་བྱང་།

མཁའ་འགྲོའི་རྒྱུ་ལམ་  དུས་འཁོར་ལས་ཤར་དང་ དབྱངས་འཆར་ལས་ཤར་ལྷོ། ཕྱི་དྲོ་ཆུ་ཚོད་༤ལས་དུས་འཁོར་ཤར་ལྷོ་དང་དབྱངས་འཆར་ལས་ལྷོ།

ཕྱོགས་བཟང་པོ་    བུམ་པ་གང་བའི་ཕྱོགས་བྱང་ཁ་ཐུག་ཕོགཔ་ཨིན་པས།


སྤྱི་ཚེས་༢༠/༡༠/༢༠༢༡

རེས་གཟའ་ མིག་ཕུར་བུ།ལྕགས་གླང་ཟླཝ་༩ པའི་ཚེས་ ༡༥ དང་ ཕྱི་དྲོ་ཆུ་ཚོད་༥དང་སྐར་མ་༡༣ལས་ཚེས་ ༡༦།

སྐར་མ་ ནམ་གྲུ་

ཉིནམ་  ཆུ་འབྲུག་

རྟེན་འབྲེལ་   ཚོར་བ་

འཕྲོད་སྦྱོར་   ཆུ་རླུང་ཕྲད་པ།

འབད་བཏུབ་        འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་རུང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དུས་བཟང་ཕོགཔ་ཨིནམ་ལས་ཕྱག་མཆོད་སྦྱིན་གཏོང་དང་བསྐོར་ར་རྐྱབ་ནི་ཚུ་འབད་བ་ཅིན་ དགེ་བ་བྱེ་འགྱུར་ཡོད་ཟེར་གསུངས་ནུག ཨིན་རུང་ ཉིམ་འདི་ཁར་ཞག་དུས་ངན་པ་ཡང་ཡོདཔ་ལས་

འབད་མ་བཏུབ་  རྟེན་གསུམ་གསརཔ་བཞེང་ནི་དང་ རབ་གནས་འབད་ནི་ གོ་གནས་གསརཔ་བསྐོས་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཁྱིམ་གསར་ནང་འཛུལ་ནི་ ཁྱིམ་ཐོག་བཀབ་ནི་ རླུང་དར་འཕྱར་ནི་ སྡོད་གནས་སྤོ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ་    དུས་འཁོར་དང་དབྱངས་གཉིས་ཆ་ར་ལྷོ་ནུབ་དང་ ཕྱི་དྲོ་ཆུ་ཚོད་༥དང་སྐར་མ་༡༣ལས་ དུས་དབྱངས་གཉིས་ཆ་ར་ནུབ།

མཁའ་འགྲོའི་རྒྱུ་ལམ་    དུས་དབྱངས་གཉིས་ཀ་ནུབ་ཏུ་ཐེབས།

ཕྱོགས་བཟང་    བུམ་པ་གང་བའི་ཕྱོགས་བྱང་དང་ཡར་འཕེལ་ཤར་ཕོགཔ་ཨིན་པས།


སྤྱི་ཚེས་༢༡/༡༠/༢༠༢༡

གཟའ་ པ་སངས།ལྕགས་གླང་ཟླཝ་ ༩ པའི་ཚེས་ ༡༦།

སྐར་མ་    ནམ་གྲུ།
ཉིནམ་    ཤིང་སྦྲུལ་
རྟེན་འབྲེལ་    སྲིད་པ་
འཕྲོད་སྦྱོར་   ས་རླུང་ཕྲད་པ།
འབད་བཏུབ་   འདི་ཉིན་འཕྲོད་སྦྱོར་ངན་པའི་ཁར་ ས་བདག་དབུལ་པོ་ལག་སྟོང་ཡང་ཕོགཔ་ལས།  དུས་རྒྱུན་གྱི་ལཱ་དང་བྱ་བ་སོགས་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་   གཞན་ རབ་གནས་འབད་ནི་དང་ ལྷ་སྲུང་གསོལ་ནི་ ཕྱྭ་འགུགས་རྐྱབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ ཁྱིམ་ཐོག་བཀབ་ནི་ ཁྱིམ་གསར་ནང་འཛུལ་ནི་ གཉེན་རྐྱབ་ནི་དང་ རྟེན་འབྲེལ་བརྩི་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ སྡོད་གནས་སྤོ་ནི་ གོང་མའི་ཞབས་སར་བཅར་ནི་ ས་ཐག་རིང་སར་འགྲོ་འགྲུལ་འབད་ནི་ རྒྱུ་ནོར་ཕྱི་ཁར་བཙོང་ནི་ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ  ལྷོ་དང་ ཕྱི་དྲོ་ཆུ་ཚོད་༦དང་སྐར་མ་༢༥བྱང་།

མཁའ་འགྲོའི་རྒྱུ་ལམ་    དུས་དབྱངས་གཉིས་ཆ་ར་ནུབ་དང་ ཕྱི་དྲོ་ཆུ་ཚོད་ ༦དང་སྐར་༢༥ལས་དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་།

ཕྱོགས་བཟང་པོ་    བུམ་པ་གང་བའི་ཕྱོགས་བྱང་དང་ཡར་འཕེལ་ཤར་ཕོགཔ་ཨིན་པས།


སྤྱི་ཚེས་༢༢/༡༠/༢༠༢༡

གཟའ་ སྤེན་པ།ལྕགས་གླང་ཟླཝ་ ༩ པའི་ཚེས་ ༡༧།

སྐར་མ་    ཐ་སྐར།
ཉིནམ་    མེ་རྟ་
རྟེན་འབྲེལ་    ལེན་པ་
འཕྲོད་སྦྱོར་    ས་མེ་ཕྲད་པ།
འབད་བཏུབ་    འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་པས།  ལོ་ལྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་དང་ཀླུ་ཐེབས་ཡོདཔ་ལས་ཀླུ་མཆོད་ནི་ཚུ་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་    གཞན་ རྟེན་གསུམ་གསརཔ་བཞེངས་ནི་དང་ རབ་གནས་འབད་ནི་ གོ་གནས་གསརཔ་བསྐོས་ནི་ སྡོད་གནས་སྤོ་ནི་ ཁྱིམ་ཐོག་བཀབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ཁྱིམ་གསར་ནང་འཛུལ་ནི་  ལེགས་པའི་བསྟུན་གྲོས་འབད་ནི་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ གཉེན་རྐྱབ་ནི་དང་ གཉེན་གྱི་ རྟེན་འབྲེལ་བརྩི་ནི་ ས་ཞིང་ཕྱི་ཁར་བཙོང་ནི་ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ་    བྱང་དང་ ཕྱི་དྲོ་ཆུ་ཚོད་༨ལས་ནུབ།

མཁའ་འགྲོའི་རྒྱུ་ལམ་    དུས་འཁོར་ལས་ལྷོ་དང་ དབྱངས་འཆར་ལས་ནུབ་བྱང་།  ཕྱི་དྲོ་ཆུ་ཚོད་ ༨ ལས་དུས་འཁོར་ལས་ནུབ་བྱང་དང་ དབྱངས་འཆར་ལས་བྱང་ཁ་ཐུག་ལུ་ཐེབས།

ཕྱོགས་བཟང་པོ་    བུམ་པ་གང་བའི་ཕྱོགས་བྱང་དང་ཡར་འཕེལ་ཤར་ཕོགཔ་ཨིན་པས།


སྤྱི་ཚེས་༢༣/༡༠/༢༠༢༡

གཟའ་ ཉི་མ།ལྕགས་གླང་ཟླཝ་༩ པའི་ཚེས་ ༡༨།

སྐར་མ་    བྲ་ཉེ་
ཉིནམ་    ས་ལུག་
རྟེན་འབྲེལ་    རྒ་ཤི་
འཕྲོད་སྦྱོར་    མེ་གཉིས་ཕྲད་པ།
འབད་བཏུབ་   འདི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བས།  ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་དང་ ཁྱིམ་གསར་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ མཁར་ལས་འགོ་བཙུགས་ནི་ གོང་མའི་ཞབས་སར་བཅར་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།
འབད་མ་བཏུབ་  གཞན་ གཡང་སྐར་ཕོགཔ་ལས་ རྒྱུ་ནོར་དང་ ས་ཞིང་ཕྱི་ཁར་བཙོང་ནི་ ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་    སྔ་དྲོ་ཆུ་ཚོད་༩ལས་༡༠ཚུན་བཟང་།

བགེགས་ཀྱི་རྒྱུ་ལམ་    ནུབ་དང་ ཕྱི་དྲོ་ཆུ་ཚོད་༩དང་སྐར་མ་༣༧ལས་ལྷོར།

མཁའ་འགྲོའི་རྒྱུ་ལམ་  དུས་འཁོར་ལས་ནུབ་བྱང་དང་ དབྱངས་འཆར་ལས་བྱང་། ཕྱི་དྲོ་༩དང་སྐར་མ་༣༧ ལས་ དུས་འཁོར་དང་དབྱངས་འཆར་གཉིས་ཆ་ར་བྱང་ཤར་ལུ་ཐེབས།
ཕྱོགས་བཟང་    བུམ་པ་གང་བའི་ཕྱོགས་ཤར་དང་ཡར་འཕེལ་ལྷོར་ཕོགཔ་ཨིན་པས།


སྤྱི་ཚེས་༢༤/༡༠/༢༠༢༡

གཟའ་ ཟླ་བ་།ལྕགས་གླང་ཟླཝ་ ༩ པའི་ཚེས་ ༡༩།

སྐར་མ་    སྨིན་དྲུག་
ཉིནམ་ ལྕགས་སྤྲེལ་
རྟེན་འབྲེལ་  མ་རིག་
འཕྲོད་སྦྱོར་  མེ་ཆུ་ཕྲད་པ་
འབད་བཏུབ་    ཉི་མ་ཆུ་ཚོད་༡༡དང་སྐར་མ་༡༣ལས་གཟའ་སྐར་འཕྲོད་སྦྱོར་བཟང་པོ་ཡོདཔ་ལས་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ རིག་གནས་ཡིག་རྩིས་ལྷབ་ནི་ སྡོད་གནས་སྤོ་ནི་དང་ ཁྱིམ་གསར་ནང་འཛུལ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ མཁར་ལས་འགོ་བཙུགས་ནི་ གོང་མའི་ཞབས་སར་བཅར་ནི་ སྨན་བཟོ་ནི་དང་བསྟེན་ནི་ ཞིང་ཁར་སོན་བཏབ་ནི་ཚུ་ལེགས་ཤོམ་ཡོད།
འབད་མ་བཏུབ་   གཡང་སྐར་ཡོདཔ་ལས་ ས་ཞིང་དང་ རྒྱུ་ནོར་ཕྱི་ཁར་བཙོང་ནི་ གཤིན་རྩིས་བཏབ་ནི་ཚུ་མི་བཏུབ་པས།

དུས་ཚོད་བཟང་པོ་  ཉི་མ་ཆུ་ཚོད་༡༡ལས་༡༢ཚུན་བཟང་

བགེགས་ཀྱི་རྒྱུ་ལམ་    ལྷོ་དང་ ཕྱི་དྲོ་ཆུ་ཚོད༡༡དང་སྐར་མ་༣༧ ལས་ནུབ་བྱང་།

མཁའ་འགྲོའི་རྒྱུ་ལམ་  དུས་དབྱངས་གཉིས་ཀ་བྱང་ཤར།   ཕྱི་དྲོ་༡༡དང་སྐར་མ་༣༧ ལས་ དུས་འཁོར་ལས་བྱང་དང་ དབྱངས་འཆར་ལས་ཤར།
ཕྱོགས་བཟང་པོ་    བུམ་པ་གང་བའི་ཕྱོགས་ཤར་དང་ཡར་འཕེལ་ལྷོར་ཕོགཔ་ཨིན་པས།


སྤྱི་ཚེས་༢༥/༡༠/༢༠༢༡

གཟའ་ མིག་དམར་།ལྕགས་གླང་ཟླཝ་ ༩ པའི་ཚེས་ ༢༠།

སྐར་མ་    སྣར་མ་
ཉིནམ་     ཆུ་བྱ་
རྟེན་འབྲེལ་   འདུ་བྱེད་
འཕྲོད་སྦྱོར་    ས་མེ་ཕྲད་པ།
འབད་བཏུབ་  འདི་ཉིན་གཟའ་སྐར་འཕྲོད་སྦྱོར་ངན་པའི་ཁར་ ཉི་ནག་གི་དུས་ཚོད་ངན་པའང་ཕོགཔ་ལས། ལོ་བསྟར་དུས་ཀྱི་གསོལ་མཆོད་ཕུལ་ནི་ཚུ་རྐྱངམ་ཅིག་མ་གཏོགས།
འབད་མ་བཏུབ་    གཞན་ ལྷ་སྲུང་གསོལ་ནི་དང་ ཕྱྭ་འགུགས་རྐྱབ་ནི་ གོ་གནས་གསརཔ་བསྐོས་ནི་དང་ ཡིག་ཚང་རྩིས་སྤྲོད་ལེན་འབད་ནི་ སྡོད་གནས་སྤོ་ནི་ ཁྱིམ་གསར་ནང་འཛུལ་ནི་ ཁྱིམ་ཐོག་བཀབ་ནི་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ གཉེན་རྐྱབ་ནི་ ལེགས་པའི་བསྟུན་གྲོས་འབད་ནི་ ས་ཐག་རིང་སར་ལམ་འགྲུལ་འབད་ནི་ གཡང་སྐར་ཡོདཔ་ལས་ རྒྱུ་ནོར་དང་ ས་ཞིང་ཕྱི་ཁར་བཙོང་ནི་ ཚུ་མི་བཏུབ་པས།

བགེགས་ཀྱི་རྒྱུ་ལམ་     ནུབ་བྱང་།
མཁའ་འགྲོའི་རྒྱུ་ལམ་  དུས་འཁོར་ལས་བྱང་དང་དབྱངས་འཆར་ལས་ཤར།

ཕྱོགས་བཟང་པོ་  བུམ་པ་གང་བའི་ཕྱོགས་ཤར་དང་ཡར་འཕེལ་ལྷོར་ཕོགཔ་ཨིན་པས།