དབང་བཙོང་འདོད་སྤྱོད་ཀྱི་ དོགས་པ་ལུ་བརྟེན་ ཕོ་སྐྱེས་གཅིག་བཟུང་ཡོདཔ།

༉ རྩི་རང་གི་ཁྲིམས་སྲུང་འགག་པ་གིས་ དར་དཀར་ན་ལས་ སྐྱེས་ལོ་༢༦ལང་མི་ཕོ་སྐྱེས་གཅིག་ སྐྱེས་ལོ་༡༣ལང་མི་ བུམོ་ཅུང་གཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་དོགས་པ་ལུ་ སྤྱི་ཟླ་འདི་གི་སྤྱི་ཚེས་༧ལུ་བཟུང་ནུག

དོགས་པ་ཅན་ཕོ་སྐྱེས་འདི་ རྩི་རང་ལུ་ སྣུམ་འཁོར་བཅོས་ཁང་ཅིག་ནང་ལུ་ ལཱ་འབད་སྡོད་མི་ཨིན་མས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ བུམོ་ཅུང་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༥་ལུ་ ཁྱིམ་ནང་འོང་མ་བཏུབ་པར་ འདི་གི་ནངས་པ་ ལྷོད་དེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁོང་གཉིསཔ་འདི་ མི་སྡེ་བརྡ་བརྒྱུད་ ཕེས་བུཀ་ནང་ལས་སྦེ་ འཕྱད་དེ་ཡོདཔ་སྦེ་ཨིན་མས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལཔ་ད་ སྐྱེས་ལོ་༡༢་ཡན་ཆད་འབད་མི་ལུ་ དབང་བཙོང་འདོད་སྤྱོད་འབད་བ་ཅིན་ འདི་ལུ་ དབྱེ་རིམ་གཉིས་པའི་ཉེས་ཁྲིམས་ བཙོན་ཁྲིམས་ལོ་༩ལས་༡༥གི་བར་ན་ ཕོག་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ པདྨ་ཚེ་དབང་། རྩི་རང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube