འབྲུག་པའི་མདའ་རྩེདཔ་ ར་ཤ་ཡི་ཡ་ལས་ཕམ་སོངཔ།

༉ ཇ་པཱན་གྱི་རྒྱལ་ས་ ཊོག་ཡོ་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ པེ་ར་ལིམ་པིག་གི་ རྩེད་འགྲན་ལས་རིམ་ནང་ལས་ འབྲུག་པའི་མདའ་རྩེདཔ་ པདྨ་རིག་གསལ་འདི་ ར་ཤི་ཡ་ལས་ཕམ་སོང་ནུག

འབྲུག་པེ་ར་ལིམ་པིག་ཚོགས་པའི་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ པདྨ་རིག་གསལ་གྱིས་ དོ་འགྲན་ལེགས་ཤོམ་སྦེ་ར་འབད་ཡི་ཟེར་ཨིནམ་ད་ འདི་ཡང་ ཁོ་གིས་ རྩེད་འགྲན་ཁག་༡་གི་ནང་ལུ་ རྒྱལ་ཁ་ཐོབ་ཅི་ཟེར་ཨིན་མས།

ར་ཤི་ཡ་གི་མདའ་རྩེདཔ་འདི་ཡང་ བཅའ་མར་གཏོགས་མི་༣༡་གི་བར་ན་ གནས་རིམ་དྲག་ཤོས་ཀྱི་རྩེད་འགྲན་འབདཝ་ད་ གནས་རིམ་༣་པའི་ནང་ལུ་ ཚུད་ནུག

ནངས་པ་ འཆི་མེད་སྒྲོལ་མ་གིས་ སྤུང་རྡོ་གཡུག་ནི་གི་འགྲན་བསྡུར་ནང་ལུ་ གྲལ་ཁར་གཏོགས་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube