ཚེ་རིང་དབྱངས་སྐྱིད་ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ཐོ་གཏུགས་ཞུ་ཡོདཔ།

༉ ཝམ་རོང་ལུ་ འཐབ་རྫིང་དང་ཧམ་འཛུལ་གྱི་ རྩོད་གཞི་ནང་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ བཀྲ་ཤིས་སྒང་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་འདི་ར་ ཆ་གནས་གནང་པའི་ཤུལ་ལུ་ ཚེ་རིང་དབྱངས་སྐྱིད་ཀྱིས་ གཟའ་མིག་དམར་གྱི་ཚེ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ ཐོ་གཏུགས་ཞུ་སྟེ་འདུག

ཐོག་མའི་ཁྲིམས་འདུན་ཚུ་ལས་ ཚེ་རིང་དབྱངས་སྐྱིད་ཀྱིས་ ན་ཧིང་ སྤྱི་ཟླ་༤པའི་ནང་ འཐབ་རྫིང་དང་ཧམ་འཛུལ་འབད་བའི་ ཉེས་པ་ཡོད་པའི་ འཁྲུད་ཆོད་གནང་ཡོདཔ་ཨིན།

དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཚེ་རིང་དབྱངས་སྐྱིད་ལུ་ ལྷན་བསྡོམ་ཀྱི་བཙོན་ཁྲིམས་ ལོ་ཕྱེད་ད་༢བཀལ་ཡོད་པའི་ཁར་ ཉམས་རྒུདཔ་འདི་ལུ་ རྒུད་འཐུས་སྦེ་ དངུལ་ཀྲམ་༢༦༠,༠༠༠ ལྷགཔ་ཅིག་ བཏབ་དགོ་པའི་བཀའ་རྒྱ་གནང་ཡོདཔ་ཨིན།

 གནས་ཚུལ་བསྡུ་ལེན་པ་ པདྨ་གསལ་སྒྲོན་ཚེ་རིང་། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube