ཆོས་འཁོར་སྟང་འདེམས་ཁོངས་ཀྱི་མི་སེར་ཚུ་གིས་ འཐུས་མི་ཟླ་བ་གིས་ ཁས་བླངས་འབད་དེ་ཡོད་དོ་བཟུམ་སྦེ་རང་ ཞིང་ལམ་རྩི་ནག་བཏང་དགོཔ་སྦེ་སླབ་དོ་ཡོདཔ།

༉ བུམ་ཐང་ ཆོས་འཁོར་སྟང་འདེམས་ཁོངས་ཀྱི་མི་སེར་ཚུ་ ཁོང་རའི་སྤྱི་ཚོགས་ཀྱི་འཐུས་མི་ཟླ་བ་གིས་ སོ་ནམ་ཞིང་ལམ་ཚུ་ རྩི་ནག་བཏང་བྱིན་ནི་སྦེ་ཡོད་མི་ལུ་ བསྒུག་སྟེ་རང་འདུག

འཐུས་མི་འདི་གིས་ ལམ་རྩི་ནག་བཏང་ནི་གི་ཁས་བླངས་འདི་ཡང་ ན་ཧིང་ སྤྱི་ཟླ་༡༡པའི་ནང་ དུས་མིན་བཙག་འཐུ་འགོ་འདྲེན་འཐབ་པའི་སྐབས་ འབད་དེ་ཡོདཔ་ཨིན།

ཁས་བླངས་གསལ་བསྒྲགས་འདི་ཡང་ འབྲུག་མཉམ་རུབ་ཚོགས་པའི་ ཁས་བླངས་ཚུ་གི་གྲལ་ལས་ཅིག་ཨིནམ་ད་ འདེམས་ངོ་འདི་ཡང་ ཁས་བླངས་འདི་གིས་སྦེ་ བཙག་འཐུ་སྒྲུབ་ནི་ནང་ ཕན་ཐོགས་བྱུང་བྱུངམ་བཟུམ་ཅིག་ཡོདཔ་སྦེ་ཨི་ནམས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube