གནསམོ་གི་ཨའི་བསད་ཡོད་པའི་གནད་དོན་འདི་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཧཱ་ལུ་ ཨམ་སྲུ་གཅིག་བསད་ཡོད་པའི་རྩོད་གཞི་འདི་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུགས་འབད་ནུག

འདི་ཡང་ ཧེ་མའི་ཟླཝ་ནང་ ཧཱ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ སྤུ་ན་ཁ་ལས་ སྐྱེས་ལོ་༣༣་ལང་མི་ཉེས་ཅན་ཕོ་སྐྱེས་འདི་ལུ་ ཁོ་རའི་གནསམོ་གི་ཨའི་བསད་ཡོད་མི་ལུ་བརྟེན་ཏེ་ བཙོན་ཁྲིམས་ལོ་༢༦་དང་ཟླཝ་༦་བཀལ་མི་ལུ་ ཁེ་རྒུད་མ་བཏུབ་པའི་ཤུལ་ལུ་ཨིན་མས།

བཙོན་ཁྲིམས་འདི་ནང་ལུ་ ཉེས་ཅན་ཕོ་སྐྱེས་འདི་གིས་ རྒུད་འཐུས་དངུལ་ཀྲམ་འབུམ་༥་མ་ལངམ་ཅིག་ བཏབ་དགོཔ་སྦེ་ཡོད་མི་འདི་ བཏབ་མ་ཚུགསཔ་ལས་ རྒུད་འཐུས་སྤྲོད་མ་ཚུགས་པའི་པའི་ཉེས་བྱ་སྦེ་ ལོ་ཕྱེད་ད་གཉིསཔོ་འདི་ཡང་ བཙོན་ཁྲིམས་འདི་ནང་ལུ་ ཚུད་དེ་ཡོདཔ་སྦེ་ཨིན་མས།

ན་ཧི་སྤྱི་ཟླ་༡༠་པའི་ནང་ ཉེས་ཅན་ཕོ་སྐྱེས་འདི་གིས་ ཁོ་རའི་ཨམ་སྲུ་གི་ཨའི་ མགུ་ཏོག་ཁར་རྨ་སྐྱོན་བཏོན་ཏེ་ བསད་ཡོདཔ་ད་ གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ཀྱི་བར་ན་ སྒྲིག་ཏོག་ཏོ་མེདཔ་སྦེ་ཨིན་མས།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube