ཁྲིམས་འགལ་ཐོག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་བཙོང་མི་ ཚོང་པ་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་གི་ཚོང་པ་༡༣་ལུ་ ཁྲིམས་འགལ་གྱི་ཐོག་ལས་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་ས་བདའ་ཟུན་པའི་ཤུལ་ལས་ ཉེས་བྱ་ཚུ་བཀལ་ནུག

དབང་འཛིན་འདི་གིས་ ཁོང་ཚོང་པ་ཚུ་ལས་ ཉེས་བྱ་དངུལ་ཀྲམ་སྟོང་ཕརག་༧༠་ལྷགཔ་ཅིག་ བསྡུ་ཡོདཔ་ཨིན་མས།

ད་རུང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ མི་ངོམ་དག་པ་ཅིག་ མི་མང་གི་ས་གོ་ནང་ ཏམ་ཁུ་འཐུང་ས་བདའ་ཟུན་པའི་ཤུལ་ལུ་ ཉེས་བྱ་ཚུ་བཀལ་ནུག

གནས་ཚུལ་བསྡུ་ལེན་པ་ པདྨ་གསལ་སྒྲོན་ཚེ་རིང་། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube