ནད་ཡམས་ལས་བརྟེན་ ཚོང་ལཱ་ལུ་ཐོ་ཕོགས་ཏེ་ཡོདཔ།

༉ ནད་ཡམས་འདི་ལས་བརྟེན་ རྒྱལ་ཁབ་ཀྱི་ས་གནས་ ཐདམ་ཐད་ཁ་ལས་ཕར་ ཚོང་ལཱ་རྐྱབ་མི་ག་ར་ལུ་ ཐོ་ཕོགས་ཏེ་ཡོདཔ་ཨིན།

ནད་ཡམས་འདི་ལུ་བརྟེན་ མི་ཚུ་ རྒྱུན་འགྲུལ་འཐབ་ནི་འདི་ ཚད་འཛིན་འབད་དོ་ཡོདཔ་ལས་ གཞལ་སྒང་ལུ་ གཞུང་ལམ་བདའ་སྟེ་ ཚོང་རྐྱབ་སྡོད་མི་ཚུ་ ཚོང་བཙོང་མ་ཚུགས་པར་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

དགེ་ལེགས་ཕུག་དང་ གཞལ་སྒང་གི་གཞུང་ལམ་བདའ་སྟེ་ཡོད་པའི་ ཟ་ཁང་མང་ཤོས་ཅིག་ར་ ད་ལྟོ་ཡང་ སྒོ་བསྡམ་སྟེ་ར་འདུག

ཟ་ཁང་དག་པ་རེ་ སྒོ་ཕྱི་སྟེ་ཡོད་མི་ཚུ་ནང་ལུ་ཡང་ ཚོང་མགྲོན་པ་འོང་མི་ ཕུད་རྡོག་ཡང་མ་འཐོན་པས། ཚོང་ཁང་འདི་ཚུ་ཡང་ ན་ཧིང་ སྤྱི་ཟླ་༨་པའི་ནང་ལུ་ རྒྱལ་ཡོངས་ འགྲོ་འགྲུལ་བཀག་དམ་ ཐེངས་དང་པ་འབད་བའི་སྐབས་ལས་ར་ སྒོ་བསྡམ་སྟེ་ཡོདཔ་ཨིན་མས།

ནད་ཡམས་མ་འཐོན་པའི་ཧེ་མ་ ཡར་དང་མར་རྒྱུན་འགྲུལ་འཐབ་མི་ཚུ་ བཞེས་སྒོ་ཟ་བར་ ཟ་ཁང་འདི་ཚུ་ནང་འོང་དོ་ཡོདཔ་ཨིན་མས།

ད་རེས་འབདཝ་ད་ སྣུམ་འཁོར་རྒྱུན་འགྲུལ་འཐབ་མི་ཡང་ ཉུང་སུ་ཅིག་ལས་འགལ་མེདཔ་མ་ཚད་ འགྱོ་མི་ཚུ་ཡང་ ལམ་བདའ་སྟེ་ ཟ་ཁང་ཚུ་ནང་ལས་ཕར་ བསྒུག་མ་ཆོགཔ་སྦེ་ཡོདཔ་ཨིན་མས།

ད་རུང་ ས་གནས་འདི་ཁ་ལུ་ ཚོད་བསྲེ་དང་ཤིང་འབྲས་ བཙོང་མི་ཚུ་ལུ་ཡང་ ཐོ་ཕོགས་ཏེ་འདུག

སྟག་མ་གི་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ ཐོན་སྐྱེད་འདི་ཚུ་ བཙོང་མ་ཚུགས་པར་ཡོད་ཟེར་བཤད་ཅི།

ད་རེས་ ས་གནས་ཀྱི་མི་ཚུ་གིས་མནོ་བསམ་ཟེར་རུང་ ནད་ཡམས་ཀྱི་བྱེལཝ་འདི་ མགྱོགས་པ་ར་མཇུག་བསྡུ་ཞིནམ་ལས་ ཚོང་ལཱ་ཚུ་ ཧེ་མ་བཟུམ་སྦེ་ར་ འཐབ་ཚུགས་པའི་རེ་བ་བསྐྱེདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པདྨ་བསམ་གྲུབ།

གཞལ་སྒང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube