གཟའ་ཉི་མ། ༢༠༢༡ ཟླ་༧ པའི་སྤྱི་ཚེས་༢༤

གློག་མེ་གི་ར་བ་གིས་ ལྗོངས་ཐང་དང་མང་སྡེ་ཕུག་ལུ་ཕན་ཐོགས་ཏེ་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༢༠

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་གི་ ལྗོངས་ཐང་དང་མང་སྡེ་ཕུག་གཡུས་ཚན་ཚུ་ནང་ གློག་མེ་གི་ར་བ་བསྒོར་ཡོད་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ཁོང་རའི་བྱཱ་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ སྲུང་ཚུགས་ཏེ་འདུག

ཀི་ལོ་མི་ཊར་༡༧འབད་མི་ གློག་མེ་ར་བ་འདི་གིས་ གཡུས་ཚན་འདི་ ༢ཀྱི་བྱཱ་ཞིང་ཨེ་ཀར་༡༠༠དེ་ཅིག་སྲུང་ནི་ནང་ ཕན་ཐོགས་འབྱུང་སྟེ་འདུག

མི་ཚུ་གིས་སླབ་མི་ནང་ ཁོང་གི་གཡུས་ཚན་གཉིསཔོ་འདི་ འཇིགས་མེད་སེང་དབང་ཕྱུག་རྒྱལ་ཡོངས་གླིང་ག་གི་ས་ཁོངས་ནང་ཚུད་དོ་ཡོདཔ་ལས་ གློག་མེ་གི་ར་བ་མ་འགོར་ཚུན་ཚོད་ རི་དྭགས་མེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་ཏེ་འབད་རང་མི་ཚུགས་ཟེར་བཤད་ཅི།

ཨིན་རུང་ སྤྱི་ལོ་༢༠༡༦ལས་ཚུར་ གློག་མེ་ར་བ་འགོར་ཞིམ་ལས་ སྒོ་ནོར་དང་རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་གནོད་སྐྱོན་རྐྱབ་ནི་ཚུ་མེད་པར་ ལེགས་ཤོམ་འགྱོ་སྟེ་ཡོད་སྦེ་ཨིན་མས།

གློག་མེ་གི་

ཀྲོང་གསར་རྫོང་ཁག་སོ་ནམ་ལས་ཚན་གྱིས་ གཡུས་ཚན་འདི་༢ཀྱི་ནང་ལུ་ གློག་ཐག་རྙིངམ་ བཙའ་ཆགས་ཏེ་ཡོད་མི་ཚུ་ཡང་ ཉམས་བཅོས་འབད་འབྱིན་ནི་སྦེ་འདུག

གློག་མེ་གི་ར་བ་འདི་གིས་ སྤྱི་ལོ་༢༠༡༥ལས་ ལྗོངས་ཐང་དང་མང་སྡེ་ཕུག་གི་ཁྱིམ་གུང་པ་༢༨རྩིས་ཏེ་ ནུབ་སྦིས་རྒེད་འོག་གི་ཁྱིམ་གུང་པ་༣༢༥དེ་ཅིག་ལུ་ ཕན་ཐོགས་འབྱུང་སྟེ་འདུག

 

གནས་ཚུལ་བསྡུ་ལེན་པ་ པ་སངས་རྡོ་རྗེ།