རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༢༡ ཟླ་༡༠ པའི་སྤྱི་ཚེས་༡༩

མི་སྡེ།

འཁོར་ལམ་གྱིས་ གཡུས་ཁའི་འཚོ་བའི་གནས་སྟངས་ལུ་ ཕན་ཐོགས།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་རྒེད་འོག་ གཡང་མ་ལ་ཤིང་སྤྱི་འོག་ནང་ལུ་ འཁོར་ལམ་གྱི་མཐུན་རྐྱེན་ལྷོད་དེ་ཡོདཔ་ལས་ མི་སེར་ཚུ་གི་འཚོ་བའི་གནས་སྟངས་འདི་ཡང་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ཨིན་མས།

ཐིམ་ཕུག་ ཧོང་ཀོང་མར་ཀེཊ་ནང་སྡོད་མི་ཚུ་ལུ་ འཐུང་ཆུ་མེད་པར་ ཟླཝ་གསུམ་དེ་ཅིག་འགྱོ་ཡོདཔ།

༉ ཐིམ་ཕུག་ ཧོང་ཀོང་མར་ཀེཊ་ནང་སྡོད་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འཐོན་ཏེ་ ཟླཝ་གསུམ་དེ་ཅིག་འགྱོ་སྟེ་འདུག

གཞལ་སྒང་ཁྲོམ་ཁ་ལུ་ རོ་ཁྱི་གི་དཀའ་ངལ།

༉ གཞལ་སྒང་ ཁྲོམ་ཁ་ལུ་ རོ་ཁྱི་སྤྱང་ཁྱི་གི་གྱངས་ཁ་འདི་ ད་རེས་སྐབས་ཅིག་ ཡར་སེང་འགྱོ་སྟེ་ཡོདཔ་ལས་ མི་ཚུ་ ཚ་གྱང་ལང་དགོ་པའི་ གཞི་ཅིག་ལུ་གྱུར་ཏེ་འདུག

གཙང་ཆུ་བྲེས་མི་ལས་བརྟེན་ མི་སེར་ཚུ་ལུ་ཚ་གྱང་།

༉ དར་དཀར་ན་རྫོང་ཁག་ ལྷ་མོའི་རྫིང་ཁ་དྲུང་ཁག་ནང་ལུ་ཡོད་པའི་ ཀཱ་ལི་མཁོ་ལ་གཙང་ཆུ་བྲེས་མི་ལུ་བརྟེན་ཏེ་ ཆུ་རུད་མི་འཐོན་ག་ཟེར་ སྦེ་ལི་ཊར་གི་མི་སེར་ཚུ་ལུ་ ཚ་གྱང་ལང་བཅུག་སྟེ་འདུག

ནལ་གཟནམ་གིས་ བྱཱ་ལུ་གནོད་པ་བཀལ་དོ་ཡོདཔ།

༉ དབང་འདུས་ཕོ་བྲང་ རིན་ཆེན་སྒང་ལུ་ ནལ་གཟནམ་ཟེར་མི་བྱ་གིས་ བྱཱ་ལུ་གནོདཔ་བཀལ་ཏེ་ ལོ་དག་པ་ཅིག་འགྱོ་བའི་ཤུལ་ལུ་ མི་སེར་ཚུ་ ཉིན་མ་ཨིན་ཅི་མིན་ཅི་ བྱཱ་སྲུང་སྡོད་དགོ་པའི་གནས་སྟངས་ལུ་ ཐུག་སྟེ་འདུག

ས་གཞི་ཉམས་སྲུང་འབད་ཐབས་ལུ་ རྩྭ་ཀུ་ཤ་བཙུགས་ཡོདཔ།

༉ རྩི་རང་རྫོང་ཁག་ སེམས་ལྗོངས་རྒེད་འོག་ནང་ལུ་ རྩྭ་ཀུ་ཤ་བཙུགས་ནི་གི་ལས་འགུལ་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ རྒེད་འོག་འདི་ནང་ལུ་ ས་རུད་ལས་བརྟེན་ཏེ་ ས་གཞི་ཉམས་འགྱོ་མི་གི་གནད་དོན་འདི་ མགྱོགས་པ་རང་ སེལ་ཚུགས་ནི་ཨིན་མས།

བྱེམ་རློནམ་འབག་མི་སྣུམ་འཁོར་ནང་ལས་ ཆུ་འཛག་མི་ལུ་བརྟེན་ཏེ་ གཞུང་ལམ་མེདཔ་བཏང་དོ་ཡོདཔ།

༉ སྤུ་ན་ཁ་གི་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ཐིམ་ཕུག་དང་དབང་འདུས་ཀྱི་བར་ན་གཞུང་ལམ་རྒྱ་སྐྱེད་འབད་ཚར་ཏེ་ཡོད་མི་འདི་ བྱེམ་རློནམ་འབག་མི་སྣུམ་འཁོར་ནང་ལས་ ཆུ་འཛག་མི་ལུ་བརྟེན་ཏེ་ མེདཔ་བཏང་མས་ཟེར་ཨིན་མས།

སྤའི་སྦང་དང་གོང་ཕུ་བར་ནའི་སོ་ནམ་ཞིང་ལམ་འདི་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ སྒོ་ཕྱི་ནི་ཨིནམ།

༉ གཞལ་སྒང་ལུ་ཡོད་པའི་ སྤའི་སྦང་དང་གོང་ཕུ་བར་ནའི་ སོ་ནམ་ཞིང་ལམ་འདི་ བདུན་ཕྲག་༡དེ་ཅིག་གི་ནང་འཁོད་ལུ་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལས་ སྒོ་ཕྱི་ནི་ཨིན་མས།

ཟམ་གཏན་ཏོག་ཏོ་ཅིག་མེད་མི་ལུ་བརྟེན་ ལམ་སྦིས་ལམ་འགྱོ་ས་སྤྱི་འོག་གི་ མི་སེར་ཚུ་ལུ་ གདོང་ལེན།

༉ བསམ་རྩེ་རྫོང་ཁག་ ནོར་བུ་སྒང་རྒེད་འོག་ ཕྲ་རེ་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་༢་དགོཔ་འཐོན་ཏེ་སྦེ་འདུག

དུས་སྟོན་བརྩི་སྲུང་གི་སྐབས་ལུ་ མི་སྟོབས་ལང་མ་ཚུགསཔ།

༉ རྒྱལ་ཁབ་ཀྱི་གྲོང་གསེབ་ མང་ཤོས་ཅིག་ནང་ལུ་བཟུམ་སྦེ་རང་ བུམ་ཐང་ ཨུ་ར་ལུ་ཡང་ གྲོང་གསེབ་ལས་ཁྲོམ་ཁ་ལུ་ གནས་སྤོ་འགྱོ་བའི་གནོད་པ་ཚུ་ འབྱུང་ནི་འགོ་བཙུགས་ཏེ་འདུག