Sunday, May 31, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home རྩེད་རིགས།

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

September 16, 2024
in རྩེད་རིགས།
0
དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།
0
SHARES
26
VIEWS
Share on FacebookShare on Twitter

༉ སྤུ་ན་ཁ་ དཀར་སྦི་ས་རྒེད་འོག་ དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ གཞུང་ལུ་ ལོ་ ༢༠ དེ་ཅིག་གི་ཧེ་མ་སེལ་ཡོད་མི་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབདཝ་ཨིན་མས།

Related posts

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

September 16, 2024
68
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

September 16, 2024
30

 འདི་ཡང་ མི་ཚུ་གིས་སླབ་མི་ནང་ ཀི་ལོ་མི་ཀྲར་ ༧ དེ་ཅིག་འབད་མི་ ཞིང་ལམ་བདའ་སྟེ་ ཧོག་ཀ་ཚུ་འཐོན་ཏེ་ཡོདཔ་ལས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཁྲོམ་ཁར་སྐྱེལ་ནི་ནང་ སྟབས་མ་བདེཝ་ལེ་ཤ་འཐོནམ་མས་ཟེར་བཤད་ཅི།

 སོ་ནམ་ཞིང་ལམ་འདི་ཡང་ སྤྱི་འོག་ནང་གི་ཁྱིམ་གུང་པ་ ༤༥ དེ་ཅིག་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

 ཧེ་མ་ཚར་གཅིག་ ལམ་འདི་བདའ་སྟེ་ ས་དང་རྡོ་རུ་ཚུ་བླུགས་མི་འདི་གིས་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་སྟེ་ཡོད་རུང་ ཤུལ་ལས་ ལམ་གྱི་གནས་སྟངས་འདི་ སྐྱོ་དྲགས་ཐལ་ནི་འགོ་བཙུགས་ནུག

 མི་ཚུ་དང་འཁྲིལཔ་ད་ ཧེ་མ་འབད་བ་ཅིན་ གླ་འཁོར་གྱི་གླ་འདི་ དངུལ་ཀྲམ་ ༢༠༠ དེ་ཅིག་ལས་བརྒལ་མི་གནས་དོ་ཡོད་རུང་ ད་རེས་ དངུལ་ཀྲམ་ ༤༠༠ དང་ ༥༠༠ དེ་རེ་སྤྲོད་རུང་ཡང་ གླ་འཁོར་ཚུ་གིས་ འོང་མི་བཏུབ་པས་ཟེར་བཤད་ཅི།

 རྒེད་འོག་བདག་སྐྱོང་གི་འགོ་དཔོན་ཚུ་གིས་སླབ་མི་ནང་ ལམ་འདི་ རྩི་ནག་གཏང་ནི་གི་དོན་ལུ་ མ་དངུལ་ལངམ་སྦེ་མེད་ཟེར་ཨིན་མས།

 ཨིན་རུང་ རྫོང་ཁག་བདག་སྐྱོང་གི་འགོ་དཔོན་ཚུ་དང་འཁྲིལཔ་ད་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་ནི་གི་དོན་ལུ་ གོང་འཕེལ་གྱི་ལས་འགུལ་ཆུང་བ་ནང་ལས་ མ་དངུལ་ས་ཡ་ ༣༣ ལྷགཔ་ཅིག་གནང་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་སྦེ་ཨིན་མས།

 དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ འོང་འབབ་བཟོ་ནི་གི་དོན་ལས་ བྱཱ་ལཱ་དང་ཚོད་བསྲེ་ཚུ་གི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་མས།

Previous Post

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

Next Post

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

Next Post
བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

RECOMMENDED NEWS

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

2 years ago
29
ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

2 years ago
90
ཁྲིམས་སྲུང་འགག་པ་དང་ ལམ་སྟོན་པ་ དེ་ལས་ འགོ་དཔོན་ཚུ་ ངན་ལྷད་ཀྱི་གནད་དོན་ནང་ཚུད་ཡོདཔ།

ཁྲིམས་སྲུང་འགག་པ་དང་ ལམ་སྟོན་པ་ དེ་ལས་ འགོ་དཔོན་ཚུ་ ངན་ལྷད་ཀྱི་གནད་དོན་ནང་ཚུད་ཡོདཔ།

2 years ago
25
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ རྒྱལ་ཁབ་མཉམ་འབྲེལ་གྱི་ ཐབས་བྱུས་གསརཔ་ཅིག་ འགོ་བཙུགས་ཏེ་ཡོདཔ།

2 years ago
22

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

    0 shares
    Share 0 Tweet 0
  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

🔊 BBS.BT Listen to Article
Listen to Article
No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

♿ ACCESSIBILITY