Thursday, September 17, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home རྩེད་རིགས།

བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

September 16, 2024
in རྩེད་རིགས།
0
བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།
0
SHARES
35
VIEWS
Share on FacebookShare on Twitter

༉ བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འབད་མི་འདི་ ཉམས་འགྱོ་དོ་ཡོདཔ་ལས་ ད་རེས་ རྒེད་འོག་འདི་ནང་ ལྕགས་བཟོ་གི་ལཱ་འབད་མི་ གཅིག་ལས་བརྒལ་མེདཔ་ཨིན་མས།

Related posts

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

September 16, 2024
78
དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

September 16, 2024
33

 སྐྱེས་ལོ་ ༦༤ ལང་མི་ གྲུབ་པ་གིས་ འབྲུག་པའི་ལམ་སྲོལ་འདི་ ཉམས་སྲུང་འབད་དོ་ཡོདཔ་མ་ཚད་ ལྕགས་བཟོ་འདི་ལས་བརྟེན་ འོང་འབབ་ཡང་ ཨོ་ཏོག་ཏོ་སྦེ་བཟོ་ཚུགས་ཏེ་འདུག

 འདི་ཡང་ ཁོ་གིས་ ཧེ་མའི་ལོ་ ༢༠ དེ་ཅིག་གི་རིང་ ལག་བཟོ་འདི་ལས་བརྟེན་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་སྟོང་ཕྲག་ ༣༠ ལས་ ༤༠ དེ་ཅིག་གི་བར་ན་ བཟོ་ཚུགས་ཏེ་ཡོདཔ་ཨིན་མས།

 ས་གནས་ཀྱི་མི་ཚུ་ལུ་ སོ་ནམ་གྱི་ལག་ཆས་ཚུ་ཐོབ་ནི་ནང་ ལཱ་ཁག་གཏང་དོ་ཡོདཔ་ལས་ གྲུབ་པ་གིས་ མང་ཤོས་ཅིག་རང་ སོ་ནམ་གྱི་ལག་ཆས་ཚུ་བརྡུངས་དོ་ཡོདཔ་ཨིན་མས།

 འདི་གིས་སྦེ་ གཡུས་ཁའི་མི་ཚུ་ལུ་ སོ་ནམ་གྱི་ལག་ཆས་ཚུ་ གོང་མཐོ་སུ་སྦེ་སྤྲོད་དེ་ ཕྱི་ལས་ནང་འདྲེན་འབད་མ་དགོ་པར་ ཕན་ཐོགས་ཏེ་ཡོདཔ་ལས་ གྲུབ་པ་གི་ལཱ་ལུ་ དགའ་ཚོར་སྦོམ་སྦེ་བསྐྱེདཔ་ཨིན་མས།

 གྲུབ་པ་གིས་སླབ་མི་ནང་ ན་གཞོན་ཚུ་གིས་ ལམ་སྲོལ་འདི་ལྷབ་ནི་ལུ་ སྤྲོ་བ་དང་དང་འདོད་མི་བསྐྱེད་དོ་ཡོདཔ་ལས་ ལྕགས་བཟོའི་རིག་རྩལ་འདི་ ཉམས་མི་འགྱོ་ག་མནོ་བའི་ ཚ་གྱང་ཡོད་ཟེར་བཤད་ཅི།

 གྲུབ་པ་གིས་ སོ་ནམ་གྱི་ལག་ཆས་ཚུ་གིས་མ་དོ་བར་ གཟར་རུ་དང་ཟན་སྐྱ་ཚུ་རྩིས་ཏེ་ ཐབ་ཆས་ཚུ་ཡང་ བརྡུངས་དོ་ཡོདཔ་ཨིན་མས།

 མཇུག་ལས་མཇུག་སུ་ རྒེད་འོག་འདི་ནང་ ལྕགས་བཟོའི་ལཱ་འབད་མི་འདི་ ག་དེ་སྦེ་འོང་ག་སླབ་མི་ཤེས་དོ་ཡོད་རུང་ ད་རེས་ གྲུབ་པ་གིས་ ལཱ་འདི་ལས་བརྟེན་ འཚོ་བའི་སྐྱོང་དོ་ཡོད་པའི་ཁར་ ལག་བཟོའི་ལམ་སྲོལ་འདི་ཡང་ ཉམས་སྲུང་འབད་དེ་ བཞག་ཚུགས་ཏེ་འདུག

Previous Post

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

Next Post

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

Next Post
དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

RECOMMENDED NEWS

ཁྲིམས་སྲུང་འགག་པ་དང་ ལམ་སྟོན་པ་ དེ་ལས་ འགོ་དཔོན་ཚུ་ ངན་ལྷད་ཀྱི་གནད་དོན་ནང་ཚུད་ཡོདཔ།

ཁྲིམས་སྲུང་འགག་པ་དང་ ལམ་སྟོན་པ་ དེ་ལས་ འགོ་དཔོན་ཚུ་ ངན་ལྷད་ཀྱི་གནད་དོན་ནང་ཚུད་ཡོདཔ།

2 years ago
27
དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

2 years ago
33
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

2 years ago
78
ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

2 years ago
34

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

🔊 BBS.BT Listen to Article
Listen to Article
No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

♿ ACCESSIBILITY