Monday, March 23, 2026
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།
ENG
རྫོང་ཁ
འབྲུག་རྒྱང་བསྒྲཊ།
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།
རྒྱང་བསྒྲགས་དངོས་གསན།
No Result
View All Result
འབྲུག་རྒྱང་བསྒྲཊ།
Home ཤེས་ཡོན།

བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།

September 16, 2024
in ཤེས་ཡོན།, སྲིད་དོན།
0
བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ གཞི་རྟེན་མཐུན་རྐྱེན་མ་ལང་པའི་དཀའ་ངལ་ཡོདཔ།
0
SHARES
24
VIEWS
Share on FacebookShare on Twitter

༉ བསམ་རྩེ་ རྟ་ལྡིང་རྒེད་འོག་ནང་ཡོད་པའི་ བཀྲ་ཤིས་ཐང་འབྲིང་རིམ་སློབ་གྲྭ་བར་མ་འདི་ འཕྲལ་ཁམས་གཅིག་ཁར་ རྒྱ་སྐྱེད་འབད་དེ་ཡོད་རུང་ སློབ་གྲྭ་ནང་ ཟ་སྤྱོད་ཁང་དང་ སྤྱི་དོན་ཁང་ཚུ་ལེགས་ཤོམ་མེདཔ་ལས་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ ཉིན་བསྟར་གྱི་ལཱ་དང་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཚུགས་པར་ ལཱ་ཁག་གཏང་དོ་ཡོདཔ་ཨིན་མས།

Related posts

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

September 16, 2024
82
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

September 16, 2024
62

 སློབ་གྲྭ་རྒྱ་སྐྱེད་འབད་མི་འདི་གིས་ རྟ་ལྡིང་དང་སྦོ་ལོགས་ཁའི་ རྒེད་འོག་གི་ཨ་ལུའི་ཕམ་ཚུ་ སེམས་དགའ་སྟེ་ཡོད་རུང་ འདི་དང་བསྟུན་པའི་ སྟབས་མ་བདེཝ་ཚུ་ཡང་འཐོན་ནུག

 འདི་ཡང་ ཧེ་མ་ སློབ་གྲྭ་འདི་ནང་ ཚན་རིག་འཕྲུལ་རིག་དང་བཟོ་རིག་རྩིས་ཀྱི་ སློབ་དཔོན་མ་ལང་པའི་ཁར་ ནང་ཆས་ཚུ་ཡང་ལང་མ་ཚུགས་པའི་ དཀའ་ངལ་འཐོན་ཡོདཔ་ཨིན་མས།

 ད་རུང་ ཚན་རིག་གི་བརྟག་དཔྱད་ཁང་དང་ དཔེ་མཛོད་ཁང་བཟུམ་མའི་ མཐུན་རྐྱེན་ཚུ་ཡང་ བསྒྲུབ་མ་ཚུགས་པར་འདུག

 ད་རེས་ སྟབས་མ་བདེཝ་འདི་ཚུ་ ཧ་ལམ་སེལ་ཚར་ཏེ་འབད་རུང་ སྤྱི་དོན་ཁང་དང་ ཟ་སྤྱོད་ཁང་ཚུ་རྩིས་ཏེ་ གཞན་མི་མཐུན་རྐྱེན་ཚུ་ ལེགས་ཤོམ་ཅིག་མེདཔ་ཨིན་མས།

 ཟ་སྤྱོད་ཁང་རྙིངམ་འདི་ ཆུང་སུ་ཅིག་འབདཝ་ལས་ འདི་ནང་ སློབ་ཕྲུག་དག་པ་ཅིག་ལས་བརྒལ་ མི་ཤོང་དོ་ཡོདཔ་ལས་ ད་རེས་ སློབ་ཕྲུག་ཚུ་ བཞེས་སྒོ་ཡང་ ཉིམ་ཤར་རུང་དང་ ཆརཔ་རྐྱབ་རུང་ ཕྱི་ཁར་སྦེ་ཟ་དགོ་དོ་ཡོདཔ་ཨིན་མས།

 གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་གཅིག་ཁར་ཚོགས་མི་ རྫོང་ཁག་ཚོགས་འདུ་ནང་ རྟ་ལྡིང་རྒཔོ་ཡཱམ་བྷ་དུར་ག་ལེ་གིས་ ཚ་གྱང་ཡོད་ལུགས་ཚུ་ཞུ་ནུག

 འདི་ལུ་ རྫོང་ཁག་ཤེས་རིག་འགོ་དཔོན་གྱིས་ སྟབས་མ་བདེཝ་ཚུ་ཡོདཔ་ཨིནམ་འདི་ ཧ་གོ་སྟེ་ཡོདཔ་ལས་ མཐུན་རྐྱེན་འདི་ཚུ་རྐྱབ་ནི་འདི་ ལོ་ལྔའི་འཆར་གཞི་ ༡༣ པའི་ནང་ བཙུགས་ཏེ་ཡོད་ཟེར་ཨིན་མས།

 ཨིན་རུང་ ད་རེས་ འཆར་དངུལ་ཚད་ཅིག་ལས་བརྒལ་མེདཔ་ལས་ མཐུན་རྐྱེན་འདི་ཚུ་ ནམ་རྐྱབ་ཚུགས་ག་གི་ཐད་ཁར་ གཏན་གཏན་ཅིག་མེད་ཟེར་ཨིན་མས།

 ད་རུང་ རྒཔོ་གིས་ སློབ་གྲྭ་འདི་ སློབ་གྲྭ་ལྟེ་བ་བཟོ་མ་ཚུགས་མི་ལུ་ སེམས་ཕམ་སྟེ་ཡོད་ཟེར་ཨིནམ་ད་ སློབ་གྲྭ་ལྟེ་བ་སྦེ་བཟོ་བ་ཅིན་ འདི་བཟུམ་མའི་མཐུན་རྐྱེན་ཚུ་ མགྱོགས་སུ་ཅིག་སྦེ་ རྐྱབ་རྐྱབ་འོང་ཟེར་ཨིན་མས།

 ཨིན་རུང་ རྫོང་ཁག་ཚོགས་འདུ་གིས་ ཁག་ཆེ་བའི་མཐུན་རྐྱེན་ཚུ་རྐྱབ་ནི་གི་དོན་ལུ་ མ་དངུལ་ཁ་སྐོང་གནང་དགོ་པའི་སྐོར་ལས་ སྙན་ཞུ་ཁ་གསལ་ཅིག་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ཕུལ་ནི་སྦེ་ ཐག་བཅད་ནུག

 མདང་ཞག་ལས་ སློབ་གྲྭ་འདི་ནང་ སློབ་རིམ་བཅུ་པ་འགོ་བཙུགསཔ་དང་འབྲེལ་ སློབ་གྲྭ་ནང་ སློབ་ཕྲུག་གི་གྱངས་ཁ་ཡང་ ༧༣༠ ལྷགཔ་ཅིག་ལུ་ ཡར་སེང་སོང་ཡོདཔ་ལས་ མཐུན་རྐྱེན་འདི་ཚུ་ཡང་ ཁག་ཆེཝ་སྦེ་ར་འཐོན་ཏེ་འདུག

Previous Post

དཔལ་ལྟ་རི་སྤྱི་འོག་གི་མི་སེར་ཚུ་གིས་ སྤྱི་འོག་གི་སོ་ནམ་ཞིང་ལམ་འདི་ རྩི་ནག་གཏང་དགོ་པའི་ ཞུ་བ་འབད་དོ་ཡོདཔ།

Next Post

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

Next Post
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

RECOMMENDED NEWS

སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

སྐྱེས་ལོ་ ༩༥ ལང་མི་ ཨཔ་སངས་རྒྱས་ཀྱིས་ ལོ་ཨ་རྟག་རང་ ཐིམ་ཕུག་ཚེས་བཅུ་མཇལ་བར་འོང་དོ་ཡོདཔ།

2 years ago
21
སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

2 years ago
62
ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

2 years ago
27
ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

2 years ago
82

FOLLOW US

BROWSE BY CATEGORIES

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།

POPULAR NEWS

  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།

    0 shares
    Share 0 Tweet 0
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

    0 shares
    Share 0 Tweet 0
  • བསམ་གྲུབ་ལྗོངས་མཁར་ ཝང་ཕུག་རྒེད་འོག་ནང་ ལྕགས་བཟོ་གི་ལཱ་འདི་ ཉམས་འགྱོ་དོ་ཡོདཔ།

    0 shares
    Share 0 Tweet 0
  • ཐིམ་ཕུག་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་སྒོ་ནང་ ཚེ་བཅུ་གི་འགྲེམ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ།

    0 shares
    Share 0 Tweet 0
  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།

    0 shares
    Share 0 Tweet 0
འབྲུག་རྒྱང་བསྒྲཊ།

འབྲུག་རྒྱང་བསྒྲགས་ལས་འཛིན་འདི་ འབྲུག་གི་རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་གཙོ་བོ་ཅིག་ཨིནམ་ད་ འདི་གིས་ སྐད་ཡིག་སྣ་ཚོགས་ཀྱི་ཐོག་ལས་ གནས་ཚུལ་མ་འདྲཝ་དང་ སྤྲོ་བའི་ལས་རིམ་ཚུ་ བཀྲམ་སྤེལ་འབད་དེ་ ལམ་སྲོལ་གྱི་གོ་རྟོགས་དང་ མི་མང་གི་ཤེས་ཡོན་ཚུ་ ཡར་དྲག་བཏང་ཚུགསཔ་ཨིན།

མི་སྡེ་བརྡ་བརྒྱུད་ནང་ལུ་ ང་བཅས་ལུ་རྗེས་སུ་འཇུག་གནང་།

ཉེ་ཆར་གྱི་གནས་ཚུལ།

  • ཨེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་རྒྱལ་ཁབ་མཉམ་འབྲེལ་གྱི་ཐབས་བྱུས་གསརཔ་ཅིག་འགོ་བཙུགས་ཏེ་ཡོདཔ།
  • ཆུ་ཁ་རྫོང་ཁག་ནང་ཡོད་པའི་ གདུང་ན་ལྷ་ཁང་འདི་ ཉམས་གསོ་ཞུ་རན་ཏེ་ཡོདཔ།
  • སྤུ་ན་ཁ་གི་ཚེས་བཅུ་གི་སྐོར་ལས་ མི་ལེ་ཤ་ཅིག་གིས་རང་ མི་ཤེས་དོ་ཡོདཔ།

གནས་ཚུལ་སྡེ་ཚན།

  • ཚོང༌ལཱ།
  • རྩེད་རིགས།
  • ཤེས་ཡོན།
  • སྲིད་དོན།
  • ང་བཅས་ཀྱི་སྐོར།
  • འབྲེལ་བ་འཐབ་ས།
  • རྒྱང་མཐོང་ ༢ པ།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

🔊 BBS.BT Listen to Article
Listen to Article
No Result
View All Result
  • གདོང་ཤོག
  • སྲིད་དོན།
  • ཚོང༌ལཱ།
  • ཤེས་ཡོན།
  • རྩེད་རིགས།
  • གསལ་བསྒྲགས།

པར་དབང་ © འབྲུག་རྒྱང་བསྒྲཊ | དབང་ཆ་ཡོད་ཚད།

♿ ACCESSIBILITY