བྱ་གསོ་མི་ཚུ་ བསྐྱིན་འགྲུལ་དང་ ཟེནམ་གི་ཏི་རུ་ཚུ་སྤྲོད་ནི་ནང་ ལཱ་ཁག་བཏང་སྟེ་ཡོདཔ།

༉ བྱའི་ཟེནམ་ནང་ལུ་ལྷད་བཞུགས་ཡོད་པའི་དོགས་པ་ལས་བརྟེན་ཏེ་ བྱ་ཚུ་ཤི་བའི་ཤུལ་ རྒྱལ་ཁབ་ནང་ལུ་ འོང་འབབ་ངོ་མ་རང་ བྱ་གསོ་ནི་གི་ལཱ་ལུ་བསྟེན་སྡོད་མི་ཚུ་ ད་རེས་ ལཱ་ཁག་བཏང་སྟེ་འདུག

ཁོང་གིས་སླབ་མི་ནང་ སྒོང་རྡོག་མེད་པའི་བསྒང་ལས་ བསྐྱིན་འགྲུལ་བཏབ་ནི་དང་ ཟེནམ་གི་ཏི་རུ་སྤྲོད་དགོཔ་ཡོད་མི་ཚུ་སྤྲོད་མ་ཚུགས་པར་ ལཱ་ཁག་བཏང་དོ་ཟེར་བཤད་ཅི།

ལྷད་བཞུགས་ཏེ་ཡོད་པའི་དོགས་པ་ཡོད་མི་ བྱའི་ཟེནམ་ལས་བརྟེན་ཏེ་ ན་ཧིང་སྤྱི་ཟླ་༡༡པའི་ནང་ རྒྱལ་ཁབ་ནང་ལུ་ བྱ་སྟོང་ཕྲག་༥༠ལྷགཔ་ཅིག་ཤི་སྟེ་ཡོདཔ་མ་ཚད་ བྱ་འབུམ་༣ལྷགཔ་ཅིག་ཡང་ ནདཔ་ཐོན་ཏེ་ཡོདཔ་ཨིན།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube