གློག་མེའི་ཀཝ་ཕོག་སྟེ་ཡོད་མི་ཨམ་སྲུ་འདི་ ཉིམ་དག་པ་ཅིག་གི་ཧེ་མ་ གྱོང་སོངཔ།

༉ ན་ཧིང་ ཐིམ་ཕུག་ལྕང་ཇི་ཇི་ སྡོད་ཁྱིམ་གྱི་ས་གོ་ནང་ གློག་མེའི་ཀཝ་ཕོག་སྟེ་ཡོད་མི་ ཨམ་སྲུ་འདི་ ཉིམ་དག་པ་ཅིག་གི་ཧེ་མ་ གྱོང་སོང་ནུག

གནད་དོན་འདི་དང་འབྲེལ་བའི་རྩོད་གཞི་འདི་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ན་ཧིང་ གནད་དོན་འདི་ ཉེས་ཅན་འཚེར་གཟན་གྱི་ རྩོད་གཞི་སྦེ་ ཁྲིམས་སར་སྐྱེལ་ཡོདཔ་ཨིན།

རྩོད་གཞི་ཁྲིམས་སར་སྐྱེལ་བའི་སྐབས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞུ་བ་ཕུལ་མི་ནང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ རྒྱུན་སྐྱོང་དང་ལྟ་རྟོག་ ལེགས་ཤོམ་སྦེ་ མ་འབད་བས་ཟེར་ཨིན་མས།

འདི་འབདཝ་ལས་ ཉམས་རྒུདཔ་འདི་ འོང་འབབ་བཟོ་མ་ཚུགས་པའི་ གནས་སྟངས་བཟོ་མི་དང་ སྨན་བཅོས་ཀྱི་ཟད་འགྲོ་ཚུ་གི་ རྒུད་འཐུས་སྦེ་ དངུལ་ཀྲམ་ས་ཡ་༤ལྷགཔ་ཅིག་ སྤྲོད་དགོཔ་འདུག་ཟེར་ཞུ་ཡི།

ཁྲིམས་ཁང་གི་བཀའ་རྒྱ་དང་འཁྲིལ་ཏེ་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱིས་ འདས་པའི་བདུན་ཕྲག་ནང་ ཨམ་སྲུ་འདི་གི་བཟའ་ཚང་ལུ་ རྒུད་འཐུས་སྦེ་ དངུལ་ཀྲམ་འབུམ་ཕྱེད་ད་༣ སྤྲོད་ཡོདཔ་ཨིན་མས།

ཤུལ་མའི་སྙན་གསན་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༧ལུ་ འགོ་འདྲེན་འཐབ་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube